ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཟི་ལིང་གྲོང་ཁྱེར་གྱིས་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་ཚོགས་པའི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་ཆབ་སྲིད་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་སུང་ཅུན་ཧྲན་གདན་ཞུ་བྱས་ནས་ཁ་བྱང་ལ་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་གཙོར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་འཆར་འགོད་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཆེད་དོན་སྙན་ཞུ་ཕུལ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི། གྲོང་ཁྱེར་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཟི་ལིང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་རྫོང་དང་ཆུའུ་སོ་སོའི་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་སོགས་བསྡོམས་པས་མི་བཞི་བརྒྱ་ལྷག་ཚོགས་འདུར་ཞུགས།
སྙན་ཞུས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལས་འགན་གཙོ་བོ་དང་དོན་སྙིང་གལ་ཆེན། མཚོ་སྔོན་གྱི་གནས་ཚུལ་དངོས་དང་བབ་བསྟུན་མདུན་སྐྱོད་ཐད་ཀྱི་རྒྱུས་ལོན། དཔལ་འབྱོར་བྱ་བའི་སྤྱི་སྡོམ་དང་བཀོད་སྒྲིག དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་གལ་ཆེན། ཏང་ཡོན་ལས་བྱེད་པའི་ཁག་ཁུར་དངོས་སྒྲུབ་ཀྱི་རེ་བ་གསལ་བོ་སོགས་ཕྱོགས་ལྔའི་ཐད་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་ཟུར་ཁྲིད་དང་འགྲེལ་ཀློག་ཡང་དག་དང་ཟབ་མོ་བྱས། སྙན་ཞུ་ལ་ཆབ་སྲིད་ཀྱི་མཐོ་ཚད་ཡོད་པར་མ་ཟད། གཞུང་ལུགས་གཏིང་ཚད་ཀྱང་ཡོད་པ་དང་། ཆེ་ཕྱོགས་རིམ་ངོས་ཀྱི་འགྲེལ་བཤད་ཡོད་ལ། ཆུང་ཕྱོགས་རིམ་ངོས་ཀྱི་དབྱེ་ཞིབ་ཀྱང་ཡོད་པ་དང་། ལངས་གནས་མཐོ་ཞིང་འགྲེལ་བཤད་ཟབ་མོ་བྱས་ལ། ནང་དོན་ཕུན་སུམ་ཚོགས།
སྙན་ཞུ་ལ་ཉན་རྗེས་ཚང་མས་ལང་ལོང་གིས་བསྟན་དོན། ཐེངས་འདིའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་གོ་སྐབས་སུ་བརྩིས་ནས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་བསླངས་པ་དང་། སློབ་སྦྱོང་དང་རྒྱུས་ལོན་ཁྲོད་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ་དང་བྱེད་ཐབས་འཚོལ་བ། དྲིལ་སྒྲོག་སྒྲོག་འགྲེལ་ཁྲོད་མི་སེམས་གཅིག་ཏུ་བསྡུ་བ་དང་མཉམ་ཤུགས་གྲུབ་པར་བྱེད་པ། ལག་བསྟར་ཁྲོད་དངོས་ཕན་འཚོལ་བ་དང་ཁག་ཁུར་མངོན་པར་བྱེད་པ། འགན་འཁྲི་ཕྲག་ཏུ་ལེན་པ་དང་བདེན་འཛིན་དངོས་གཉེར་ཁྲོད་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བབ་བསྟུན་མདུན་སྐྱོད་ཀྱིས་འགན་འཁྲི་གཙོ་བོ་ལྔའི་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། བྱ་བ་སྒྲུབ་འདོད་པ་དང་བྱ་བ་སྒྲུབ་ཕོད་པ། བྱ་བ་སྒྲུབ་ཤེས་པའི་སྙིང་སྟོབས་དང་། བྱ་བའི་སྤྱོད་ཚུལ་ནན་མོར་བརྟེན་ནས། སྔོན་ཐོན་བརྩོན་ལེན་དང་ལས་སྒྲུབ་ལས་སྐྲུན་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་མདུན་དུ་བསྐྱོད་པ་དང་མིག་དཔེ་བྱེད་པའི་ལག་ལེན་དངོས་སུ་བསྒྱུར་དགོས།
རིན་ཆེན་མཚོས་བསྒྱུར།