ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐོག་མའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཞོད་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་པའི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་བྱེད་པ། བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་སེལ་བྱེད་པ། གནོད་འཚེ་འགོག་བཅོས་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་པ། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། ཞོད་འགོག་རྒུད་སྐྱོབ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ཞོད་འགོག་འཕྲལ་བསྟུན་དང་ལེན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་ཀྱི་གནད་ཕིགས་རང་བཞིན་མཐོར་འདེགས་གཏོང་བ། རིམ་པ་སོ་སོའི་འཕྲལ་བསྟུན་བཀོད་འདོམས་མ་ལག་འཛུགས་སྐྲུན་བྱས་ནས། སྔོན་བརྡ་གཏོང་བ་ནས་དང་ལེན་བྱེད་པ་དང་། གནོད་གཡོལ་ནས་གནོད་སྐྱོབ་སོགས་ཐད་ཀར་གཞི་རིམ་དུ་སྤེལ་བ་དང་སྔ་མོ་ནས་འགོག་སྐྱོབ་བྱེད་དགོས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་གཙོ་གནད་ཁུལ་ཁོངས་དང་ཉེན་ཁ་ཆེ་སའི་གནོད་འགོག་ཉེན་གཡོལ་འཕྲལ་བསྟུན་གྲ་སྒྲིག་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཉམས་ཞན་ས་གཙིགས་སུ་འཛིན་པ། གནད་དོན་གྱི་གནད་འགག་བཙལ་ནས། རྒྱུན་མཐུད་ངང་རྗེས་འདེད་ཕན་བརྩོན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འཐབ་འཛིང་འགོག་རའི་ནུས་པ་དང་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་བྱ་བ་དམ་འཛིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐོག་མའི་སྐབས་སུ་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས། ཀྲུང་ཧྭ་མི་རིགས་བསྟུད་མར་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཀྱི་མཐོ་ཚད་དང་ཏང་གི་འགན་འཁྲི་དམིགས་འབེན་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་འགྲེང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་དང་འཐབ་ཇུས་བྱེད་ཐབས་ཞིབ་བཤད་བྱས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཞི་འཛིན་ས་གལ་ཆེན་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ལྗང་མདོག་ཐཱན་དམའ་ཚུལ་སྒྱུར་གྱི་གོ་སྐབས་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། རྒྱལ་དོན་གལ་ཆེན་ལག་བསྟར་དང་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ལ་རྐང་འཛུགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པར་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་བསྐྲུན་པ། དག་གཙང་ནུས་ཁུངས་གསར་སྤེལ་གྱི་སྦས་ཤུགས་སྔོག་འདོན་བྱེད་པ། སྔོན་དུ་ནུས་ཟད་ཟུང་སྡོམ་དེ་ཐཱན་ཕྱིར་གཏོང་གི་སྤྱིའི་གྲངས་ཚད་དང་ཟུང་སྡོམ་མཐོན་པོར་བསྒྱུར་བའི་ཐད་ནས་མཚོ་སྔོན་གྱི་མགྱོགས་ཚད་མངོན་པར་བྱས་ཏེ། རྒྱལ་ཁབ་ཀྱི་ཐཱན་གཉིས་འགུལ་སྐྱོད་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་རྩིས་ལྟ་སྐུལ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། ནོར་རྩིས་ལྟ་སྐུལ་གྱི་ཆབ་སྲིད་ངོ་བོ་འབུར་དུ་ཐོན་པར་བྱེད་པ། ནོར་སྲིད་དཔལ་འབྱོར་སྒྲིག་ལམ་གྱི་ཚོད་འཛིན་ཇེ་དྲག་ཏུ་བཏང་སྟེ། ནོར་སྲིད་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྤྱི་དབང་ལག་བསྟར་གྱི་བཀག་སྡོམ་དང་ལྟ་སྐུལ་ལ་ཤུགས་སྣོན་དགོས། འགན་འཁྲི་རྩད་གཅོད་དང་ཆད་གཅོད་ཁྱབ་བསྒྲགས་བྱེད་ཤུགས་ལ་ཤུགས་སྣོན་པ་དང་། གཞི་གྲངས་ཆེན་པོ་སོགས་ཆ་འཕྲིན་ཅན་གྱི་ཐོན་ཁུངས་ལ་རྒྱབ་རྟེན་པ། ལྟ་སྐུལ་བྱ་བ་ཆ་འཕྲིན་ཅན་དང་རིག་ནུས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ལྟ་སྐུལ་གྱི་གྲུབ་འབྲས་དེ་སྔོན་རྩིས་དོ་དམ་དང་སྲིད་ཇུས་ལེགས་སྒྲིག མ་དངུལ་བཀོད་སྒྲིག ལམ་ལུགས་འཛུགས་སྐྲུན་གྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་དང་། ནོར་རྩིས་ལྟ་སྐུལ་གྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས་ནས། ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ཚད་ལྡན་དུ་བསྒྱུར་བའི་སྣང་ཚུལ་བཟང་བོ་བསྐྲུན་དགོས།
ཚོགས་ཐོག་ཏུ་ལས་བྱེད་པའི་བདེ་ཐང་ལུས་དཔྱད་ལ་ཤུགས་སྣོན་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་ནས་ནན་གྱིས་བསྟན་དོན། ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་འགན་སྲུང་བྱེད་རྒྱུ་དེ་བྱ་བ་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། མིག་སྔར་སྤེལ་བཞིན་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱེད་པ། མི་ཤུགས་དང་ནོར་ཤུགས། དངོས་ཤུགས་ཀྱི་སྟེང་ནས་འགན་སྲུང་འདོན་སྤྲོད་བྱེད་པ། སྲིད་ཇུས་བཟང་བོ་ལག་བསྟར་ནན་མོ་བྱེད་པ། ལས་བྱེད་པས་རང་ངོས་བདེ་སྲུང་ལ་འགན་སྲུང་བྱེད་པའི་འདུ་ཤེས་ལ་སྣེ་ཁྲིད་བྱེད་པ། མི་སྒེར་གྱི་འཚོ་བ་རོལ་སྟངས་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ཏེ། ལས་བྱེད་པའི་ལུས་སེམས་བདེ་ཐང་ཆུ་ཚད་མཐོར་འདེགས་གཏོང་བར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཞིབ་སྡུར་ཞིབ་བཤེར་རྒྱུ་ཆར་གྲོས་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།