ཝང་དབྱི་ཡིས་ཐེ་གོའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏུན་དང་གྲོས་མོལ་བྱས།
2023.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་ནས་ཀྲུང་གོར་བྱ་བའི་འཚམས་འདྲིར་ཡོང་བའི་ཐེ་གོའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏུན་དང་གྲོས་མོལ་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཐེ་གོ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བས། ཐེ་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བཏང་ནས། ལག་གདང་མཉམ་སྦྲེལ་གྱིས་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་རྒྱབ་སྐྱོར་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གོ་གནས་གཙོ་བོར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར། དཔལ་འབྱོར་འཕར་སྣོན་གྱི་གནས་གཞི་མཉམ་དུ་བསྐྲུན་པར་རྒྱབ་སྐྱོར་བཅས་བྱས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱ་མཚོ་ལྷོ་མའི་འགུལ་སྐྱོད་རྩ་དོན་སྐོར་གྱི་གྲོས་མོལ་མྱུར་དུ་སྤེལ་འདོད་ཡོད་ཅེས་བཤད། ཁོས་རྒྱལ་ཁབ་སོ་སོས་ད་དུང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་རང་ས་ཁུལ་ནས་འགལ་ཟླ་སློང་བ་དང་འཇམ་འཐབ་ཀྱི་བསམ་བློ་དྲིལ་སྒྲོག་བྱས་ཏེ། ཐོབ་དཀའ་བའི་ཞི་བདེ་བརྟན་འཇགས་ཀྱི་སྣང་ཚུལ་ལ་གཏོར་བརླག་བྱེད་པར་དོགས་ཟོན་བྱེད་དགོས་ཞེས་བསྟན།

ཏུན་གྱིས་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་ཟབ་མོར་སྤེལ་ནས། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཅེས་བཤད།