ཀྲུང་དབྱང་ཐའེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གི་འགན་ཁུར་བས་གཏམ་བཤད་སྤེལ་ནས་ལའེ་ཆིན་ཏི་ཡིས་ཨ་མེ་རི་ཁར་ལྐོག་མྱུལ་བྱས་པའི་ཐད་ཀྲུང་གོའི་ལངས་ཕྱོགས་གསལ་བོར་བསྟན།
2023.08.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 44

ཀྲུང་དབྱང་ཐའེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གི་འགན་ཁུར་བས་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་གཏམ་བཤད་སྤེལ་ནས། ལའེ་ཆིན་ཏི་ཡིས་རྒྱལ་ཁོངས་བརྒལ་ནས་ཨ་མེ་རི་ཁར་ལྐོག་མྱུལ་བྱས་པའི་སྐོར་ནས་ཀྲུང་གོའི་ལངས་ཕྱོགས་གསལ་བོར་བསྟན། གཏམ་བཤད་ལས་བསྟན་དོན། ཉེ་སྔོན་ལའེ་ཆིན་ཏི་ཡིས་ཕ་ར་ཀུའེ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་མཛད་སྒོར་ཞུགས་པར་ཁ་གཡར་ཏེ་རྒྱལ་ཁོངས་བརྒལ་ནས་ཨ་མེ་རི་ཁར་ལྐོག་མྱུལ་བྱས། དེ་ནི་དམངས་གཙོ་ཡར་སྐུལ་ཏང་དབང་འཛིན་ལས་ཁུངས་ཀྱིས་ཨ་མེ་རི་ཁ་དང་ཁྱི་སྤྱང་མཉམ་འབྲེལ་བྱེད་ཚད་ཚབས་ཆེར་བཏང་བའི་འགྲན་སློང་གི་བྱ་སྤྱོད་ཅིག་ཡིན་པས། ང་ཚོས་དེར་རྒོལ་གཏམ་དྲག་པོ་བཏང་བ་ཡིན། ང་ཚོས་ཞི་བའི་གཅིག་གྱུར་གྱི་ཆེད་དུ་བར་སྟོང་ཡངས་པོ་བསྐྲུན་འདོད་ཡོད་མོད། འོན་ཀྱང་ཐའེ་ཝན་རང་བཙན་ཟེར་བའི་ཁ་བྲལ་བྱ་འགུལ་ཡོད་ཚད་ལ་གུ་ཡངས་གཏན་ནས་གཏོང་མི་སྲིད་དེ། བློ་ཐག་རྦད་ཆོད་ཀྱི་བྱེད་ཐབས་སྤྱད་དེ་ཐའེ་ཝན་རང་བཙན་ཞེས་པའི་ཁ་བྲལ་སྟོབས་ཤུགས་དང་དེའི་བྱ་སྤྱོད་ལ་ཆད་པ་བཅད་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།