རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བཅུ་པ་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ནས་ཟླ་དགུ་པའི་ཚེས་གཅིག་ཉིན་བར་པེ་ཅིང་དུ་བསྡུ་རྒྱུ་ཐག་བཅད།
ཨུ་ཡོན་ཀྲང་གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པས་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་ཕྱིའི་རྒྱལ་ཁབ་ཀྱི་ཁྲིམས་སྒོ་རང་བཙན་བཅའ་ཁྲིམས་འཆར་ཟིན། དམངས་དོན་ཞུ་གཏུག་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། ཀུང་ཟིའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རིན་འཕར་དཔྱ་ཁྲལ་བཅའ་ཁྲིམས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་གྲོས་གཞི་དང་། བསླབ་གནས་བཅའ་ཁྲིམས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་གྲོས་གཞི། བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་གྲོས་གཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་མོའི་ས་ཁུལ་གྱི་གྲོང་ཁྱེར་དགུ་ནས་ཞང་ཀང་བཅའ་ཁྲིམས་ཀྱི་ལས་གཉེར་མཁན་དང་ཨོ་མིན་ཆེད་གཉེར་ཁྲིམས་རྩོད་པས་ནང་ལོགས་ཀྱི་ལས་གཉེར་ཐོབ་ཐང་ལེན་པ་དང་ཁྲིམས་རྩོད་པའི་བྱ་བ་གཉེར་བའི་ཚོད་ལྟའི་བྱ་བའི་ཡུན་ཚད་ཇེ་རིང་དུ་གཏོང་བའི་གྲོས་ཆོད་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་སྐོར་གྱི་གྲོས་གཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཀྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཅན་ཁྲིད་སྐྱེལ་ཆིངས་ཡིག་གྲོས་ཞིབ་ཆོག་མཆན་འགོད་པར་སྤྲོད་པའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱེད་རྒྱུའི་གྲོས་མགོ་བཏོན།
ཨུ་ཡོན་ཀྲང་གྲོས་ཚོགས་ནས་གྲོས་མགོ་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ལ་ད་རུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ད་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ད་ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། ནོར་སྲིད་སྤོ་སྒུལ་རྩིས་སྤྲོད་གནས་ཚུལ་སྐོར་གྱི་སྙན་ཞུ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་བྱ་བར་འགན་སྲུང་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཁྱིམ་ཚང་གི་དྲག་སྤྱོད་ལ་ངོ་རྒོལ་བྱེད་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱེད་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ལ་ལའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་པ། འབྲེལ་ཡོད་ཀྱི་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱེད་པ་སོགས་འདུ།
ཨུ་ཡོན་ཀྲང་གྲོས་ཚོགས་ནས་ད་རུང་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་ཀྱི་དབྱེ་ཞིབ་ཚོགས་འདུའི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྲིད་འཛིན་ཞུ་གཏུག་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་མཚམས་འཇོག་པའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་བུ་ལོན་དོ་དམ་གནས་ཚུལ་སྙན་ཞུའི་ལམ་ལུགས་སྐོར་གྱི་ཡར་ཞུར་ཉན་ནས་གྲོས་ཞིབ་བྱས་པར་མ་ཟད། ཉིས་སྟོང་ཉེར་གསུམ་ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་དམངས་ཆེན་འཕྲིན་བཅར་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་ལས་ཁུངས་འཕྲིན་བཅར་བྱ་བའི་གཏན་འཁེལ་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་བཀོད་སྒྲིག་ཐད་ནས་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་། རྒྱལ་ཡོངས་དམངས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པ་བཅས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་འབྲེལ་ཡོད་གྲོས་གཞིའི་ཐད་ནས་སྙན་ཞུ་ཕུལ།
བསོད་ནམས་ཚེ་རིང་གིས་བསྒྱུར།