ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཐེ་གོའི་ཀྲིན་ཏ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཞེ་གོ་མེན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་ཞེ་ལྔའི་རིང་ལ། རྒྱ་ཆེའི་ཕྱིར་སྡོད་རང་མི་དང་ཕྱི་རྒྱལ་གྱི་ཀྲུང་གོའི་ཚོང་བ་དག་གིས་བྱས་རྗེས་གལ་ཆེན་བཞག་ཡོད། མིག་སྔར་ཀྲུང་གོས་སེམས་ཤུགས་གཅིག་བསྡུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཞིན་ཡོད་ལ། རྒྱུན་ཆད་མེད་པར་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ཕྱིའི་དངུལ་གཏོང་ཁེ་ལས་ཀྱི་རེ་བ་དང་བསམ་འཆར་ལ་ཉན་ཏེ་ཁེ་ལས་ཀྱི་དཀའ་ཁག་དང་གནད་དོན་ཐག་གཅོད་པར་རོགས་སྐྱོར་བྱེད་བཞིན་ཡོད། ཀྲིན་ཏ་སྡེ་ཚོགས་དང་རྒྱ་ཆེའི་ཀྲུང་གོའི་ཚོང་བ། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་གཏོང་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད།
ཞེ་གོ་མེན་གྱིས་བསྟན་དོན། ཀྲིན་ཏ་སྡེ་ཚོགས་ཀྲུང་གོའི་འཕེལ་རྒྱས་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་ནས་འཕེལ་རྒྱས་འགྲོ་བར་ཤུགས་འདོན་པ་དང་། ཀྲུང་གོར་མ་དངུལ་གཏོང་ཚད་སྔར་ལས་ཆེ་རུ་བསྐྱེད་པ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོའི་བཅོས་སྒྱུར་གསར་སྐྲུན་ལ་རོགས་འདེགས་བྱེད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད།
ཝུའུ་ཀྲིན་ལུང་གོང་གི་མཇལ་འཕྲད་ཁྲོད་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།