ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་ལྟར། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱིས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བྱ་བ་གཙིགས་སུ་བཟུང་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་བློ་སྦྱོང་བྱས་ནས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་རང་གཤིས་སྦྱོང་བརྡར་བྱས་ནས་བློ་དཀར་བར་བྱེད་པ། དངོས་སྒྲུབ་ཁག་ཁུར་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་འབེན་མངོན་འགྱུར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། སྤྱོད་གཙང་སྤྱི་གཞོལ་བྱས་ནས་དར་སྲོལ་གསར་བའི་དམིགས་འབེན་གཏན་ཁེལ་བྱེད་པ་བཅས་ལ་ཤན་སྦྱར་ཏེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་གོ་དོན་དང་ལག་ལེན་གྱི་རེ་བ་སློབ་སྦྱོང་དང་རྒྱུས་ལོན་བྱས་པ་དང་། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་ལ། བསམ་བློའི་འགོ་ཁུངས་ནས་གནད་དོན་ཐག་བཅད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པར་སྔར་ལས་ཤུགས་བསྣན་ལ། མངགས་བཅོལ་སེམས་ལ་བཅངས་ནས་དྲིན་བསམ་མདུན་སྐྱོད་བྱས་པ་དང་། གོ་སྐབས་དམ་འཛིན་བྱས་པ་དང་དངོས་སྒྲུབ་གཙོར་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་འཆར་འགོད་མངོན་འགྱུར་བྱེད་ཆེད་རྨང་གཞི་བརྟན་པོ་བཏིངས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་བྱས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས་པར་མ་ཟད་དཔྱད་འཇོག་གཏམ་བཤད་བྱས་ལ། ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན་དང་ཁོངས་མི་གཞན་པ་གྲོས་ཚོགས་ལ་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད་བསམ་འཆར་བཏོན།
ཞིང་ཆེན་ཏང་ཨུས་ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བར་ཧ་ཅང་མཐོང་ཆེན་བྱས། གྲོས་ཚོགས་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོ་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་བཀོད་སྒྲིག་རེ་བ་རབ་དང་རིམ་པ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང། བྱ་བའི་ཇུས་གཞི་གཏན་འབེབས་བྱས་ལ། སློབ་སྦྱོང་དང་ཞིབ་སྡུར་ཟབ་མོ་བྱས་པ་དང་གླེང་མོལ་བྱས་ལ། དཔེ་མཚོན་དཔེ་གཞིར་ཟུང་འབྲེལ་བྱས་ནས་དབྱེ་ཞིབ་ཟབ་མོ་བྱས་པ་དང་། གནད་དོན་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་བྱས་ལ། ཚན་ཁག་གི་ཤན་སྦྱར་ཞིབ་བཤེར་གྱི་དཔྱད་གཞི་ཡིག་ཆ་དང་མི་སྒེར་གྱི་གཏམ་བཤད་ཡིག་ཆ་ནན་མོར་བྲིས་ཏེ། དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་ཆེད་གྲ་སྒྲིག་བཟང་བོ་བྱས། གྲོས་ཚོགས་སྐབས་སུ། ཞིང་ཆེན་ཏང་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཏང་འཛུགས་པུའུ་ཡི་ཀྲུའུ་རིན་གཞོན་པ། དགེ་རྒན་ཆེན་མོ་བ་ཀྲུའུ་ལེན་ཅུན་གདན་ཞུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས་པ་དང་། ལྟེ་གནས་ཚན་ཆུང་གི་ཁོངས་མིས་བརྗེ་རེས་བགྲོ་གླེང་བྱས་ལ། གོང་རིམ་གྱིས་འོག་རིམ་ལ་འགོ་ཁྲིད་དེ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། བརྗོད་དོན་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། བསམ་བློའི་ནུས་ཤུགས་ལ་བརྟེན་ནས་ལག་ལེན་གྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་སྔར་ལས་ལག་བསྟར་བཟང་བོ་བྱས་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་རྒྱུའི་རེ་བ་བཏོན།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་། 2022ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཞིབ་བཤེར་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཚབ་བྱས་ནས་ཤན་སྦྱར་ཞིབ་བཤེར་བྱས་པར་མ་ཟད་འགོ་ཁྲིད་དེ་གཏམ་བཤད་པ་དང་། རྒྱུན་ལས་ཨུ་ཡོན་བློ་མཐུན་གྱིས་མི་སྒེར་གྱི་ཤན་སྦྱར་ཞིབ་བཤེར་གཏམ་བཤད་སྤེལ་ནས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་བློ་མཐུན་རྣམས་ཀྱི་གཏམ་བཤད་ཀྱིས། མཐུན་སྒྲིལ་དང་སྐྱོན་བརྗོད། མཐུན་སྦྱོར་གྱི་རྩ་དོན་གཞིར་བཟུང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་བྱེད་ཐབས་བཙལ་བ་དང་བསམ་ཕྱོགས་བཙལ་ལ། དྲིས་ལན་བཙལ་ཏེ། ཏང་གཤིས་ལ་བརྟེན་ནས་མཉམ་དུ་འབད་འཐབ་བྱས་པ་དང་། རང་འགུལ་གྱིས་རང་ཉིད་དེའི་ཁྲོད་བཞག་པ་དང་འགན་འཁྲི་དེའི་ཁྲོད་བཞག་པ། བྱ་བ་དེའི་ཁྲོད་བཞག་ལ། མི་འདང་ས་བཙལ་བ་དང་དག་ཐེར་གྱི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་ལྷག་བསམ་ཟོལ་མེད་བྱས་པ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་ཁོག་རྒྱ་དང་ཆབ་སྲིད་ཀྱི་བློ་སྦྱོང་མངོན་པར་བྱས་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་།
ཁྲིན་ཀང་གིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་དང་ལྷག་པར་དུ་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྤེལ་རྒྱུ་ནི། ཏང་གཤིས་རྩ་དོན་སྟེང་ནས་བཤད་ན་ཆབ་སྲིད་ཀྱི་བརྟག་བཤེར་ཞིག་དང་། སེམས་ཀྱི་མྱོང་ཚོར་ཐད་ནས་བཤད་ན་བློ་སྲོག་གི་སྦྱོང་བརྡར་ཞིག་ཡིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་སྟེང་སྔར་ལས་ཤུགས་ཆེན་པོ་འདོན་པ་དང་། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་དེ་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་རང་རྟོགས་མཐོན་པོར་བསྒྱུར་བ་དང་། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་རྒྱུ་དེ་བླ་སྲོག་དང་སྲོག་རྩ་རུ་བསྒྱུར་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་གི་དབང་ཟིལ་ལ་སྲུང་སྐྱོབ་བྱས་ཏེ། དུས་ནམ་ཡང་གཡོ་འགུལ་དང་བཏང་ལྷོད་བྱེད་མི་རུང་། ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པར་བསྒྱུར་ཏེ། ནུས་པས་མི་འདང་བའི་ཉེན་ཁའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ། ཤེས་བྱའི་ཐད་ཀྱི་མི་འདང་ས་དང་ནུས་པའི་ཉམས་ཞན་ས་ཁ་གསབ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ། ཉེན་ཁ་འགོག་སྲུང་བྱེད་པའི་ནུས་པ་བཅས་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་དགོས། སྤྱོད་བསྲང་སྒྲིག་གཅུན་ཇེ་དྲག་ཏུ་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལག་ཏུ་བསྟར་བ་དང་སྔོན་དུ་མིག་དཔེ་བྱེད་པ། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། བདེན་འཚོལ་དངོས་གཉེར་དང་དག་གཙང་སྤྱོད་བཟང་གི་སྲོལ་གསར་དང་དྲང་ཕྱོགས་ཀྱི་ནུས་པ་ཆེར་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཏང་ཡོན་ལས་བྱེད་པའི་ཁག་ཁུར་དངོས་གཉེར་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་ཆེན་པོར་བསྒྱུར་ཏེ། འགོ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ལག་བསྟར་དམ་འཛིན་བྱེད་པའི་འདུ་ཤེས་དང་ངར་ཤུགས། ཁག་ཁུར་ལ་བརྟེན་ནས། ཁ་ཕྱོགས་འཛིན་པ་དང་སྤྱི་ཡོངས་ལ་འཆར་འགོད་བྱེད་པ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། ལས་སྒྲུབ་ལས་སྐྲུན་གྱི་བརྩོན་སེམས་ཆེར་བསྐྱེད་པ། ཁག་ཁུར་བྱེད་ཕོད་པ་དང་དཀའ་ཁག་སེལ་བར་མཁས་པའི་ཕུལ་བྱུང་ལས་བྱེད་པས་བྱས་རྗེས་སྔར་ལས་མང་པོ་འཇོག་ཐུབ་པར་བྱས་ནས། སྣང་ཚུལ་གསར་བ་དང་གྲུབ་འབྲས་གསར་བས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།