ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།
2023.08.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར།   ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར།   ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།   ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱིས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ།  ལག་ལེན་འཛིན་པ།  བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་གཙིགས་སུ་བཟུང་བ་དང་།    སེམས་ཤུགས་གཅིག་སྒྲིལ་དང་བློ་སྦྱོང་བྱས་ནས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་རང་གཤིས་སྦྱོང་བརྡར་བྱས་ནས་བློ་དཀར་བར་བྱེད་པ།   དངོས་སྒྲུབ་ཁག་ཁུར་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    དམིགས་འབེན་མངོན་འགྱུར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ།   སྤྱོད་གཙང་སྤྱི་གཞོལ་བྱས་ནས་དར་སྲོལ་གསར་པའི་དམིགས་འབེན་གཏན་འཁེལ་བྱེད་པ་བཅས་ལ་ཤན་སྦྱར་ཏེ་བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ།   བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཕུན་སུམ་ཚོགས་པའི་གོ་དོན་དང་ལག་ལེན་གྱི་རེ་བར་སློབ་སྦྱོང་དང་རྒྱུས་ལོན་བྱས་ལ།    བློ་བརྟན་འགྱུར་མེད་ངང་གཏན་ཕབ་གཉིས་སྲུང་སྐྱོབ་དང་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་པར་མ་ཟད།   གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་ནན་མོ་བྱས་ཤིང་།   བསམ་བློའི་འགོ་ཁུངས་ནས་གནད་དོན་ཐག་བཅད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་རླབས་ཆེན་འཆར་འགོད་མངོན་འགྱུར་བྱེད་ཆེད་རྨང་གཞི་བརྟན་པོ་བཏིངས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།   ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་སྤེལ།   ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་བའི་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས་པར་མ་ཟད་དཔྱད་འཇོག་གཏམ་བཤད་བྱས་ལ།   མཛུབ་སྟོན་ཚན་ཆུང་གི་ཁོངས་མི་ཁ་ཤས་དང་།   ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།    ཞིང་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བར་ཧ་ཅང་མཐོང་ཆེན་བྱས།   གྲོས་ཚོགས་སྔོན་དུ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་ཀྱི་བཀོད་སྒྲིག་རེ་བ་རབ་དང་རིམ་པར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་།   བྱ་བའི་ཇུས་གཞི་གཏན་འབེབས་བྱས་ལ།  གནད་དོན་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་དང་སེམས་གཏམ་བཤད་རེས་བྱས་པར་མ་ཟད།   གནད་དོན་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ་རེ་རེ་བཞིན་སྲིད་ཇུས་བྱེད་ཐབས་གཏན་བེབས་བྱས།

དེའི་རྨང་གཞིའི་སྟེང་།   ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་ཞིང་ཆེན་ཏང་ཨུའི་བཤེར་འབེབས་བསམ་འཆར་ལྟར།   འགོ་ཁྲིད་ཚན་ཁག་གི་ཞིབ་བཤེར་རྒྱུ་ཆ་དང་གཏམ་བཤད་རྒྱུ་ཆ་འཐུས་ཚང་དུ་བཏང་སྟེ་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་ཆེད་གྲ་སྒྲིག་གང་ལེགས་བྱས།   དེའི་སྐབས་སུ།   ཏང་ཙུའུ་ཁོངས་མི་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་།   ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཏུ་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་མིན་བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ།  བསླབ་ནས་སྤྱོད་བཟང་སྐྱོང་བ།   བསླབ་ནས་ལས་ལ་སྐུལ་བ་སོགས་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ་གཅིག་བསྡུས་སློབ་སྦྱོང་ཞིབ་བསྡུར་བྱས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཞིབ་བཤེར་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས།  ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཚབ་བྱས་ཏེ་ཤན་སྦྱར་ཞིབ་བཤེར་བྱས་པར་མ་ཟད།  རང་འགུལ་གྱིས་སྐྱོན་བརྗོད་དང་ལེན་བྱས།  ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་གཞན་དག་གིས་ཀྱང་རེ་རེ་བཞིན་ཤན་སྦྱར་ཞིབ་བཤེར་བྱས་པ་དང་།   སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱས་པར་མ་ཟད།   གནད་དོན་ཞིབ་བཤེར་ཟབ་མོ་བྱས་པ་དང་སྦ་གསང་མེད་པར་ཕན་ཚུན་སྐྱོན་བརྗོད་བྱས་ལ།   དག་ཐེར་ཡོ་བསྲང་གི་རྣམ་འགྱུར་བཟང་བོས་བསམ་བློ་བརྗེ་རེས་དང་གནད་དོན་ལ་ལྟ་ཞིབ།  མཐུན་སྒྲིལ་ལ་སྐུལ་འདེད།  མཉམ་དུ་མཐོར་འདེགས་ཡོང་བ་བཅས་ཀྱི་དམིགས་འབེན་དུ་སླེབས་པར་བྱས།

ཝུའུ་ཞའོ་ཅུན་གྱིས་སྤྱི་སྡོམ་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།   བསླབ་ནས་བློ་སྦྱོང་བྱེད་པའི་སྟེང་རྒྱུན་ཆད་མེད་པར་ཤུགས་འདོན་པ་དང་། དེ་ཏང་ལ་བློ་དཀར་བའི་ཆབ་སྲིད་རང་རྟོགས་སུ་བསྒྱུར་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ།  འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ།   ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ།  རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་ནས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ།  ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།   བསླབ་ནས་རིག་སྟོབས་སྤེལ་བའི་སྟེང་རྒྱུན་ཆད་མེད་པར་ཤུགས་འདོན་པ་དང་། དེ་ལས་སྒྲུབ་ལས་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ནུས་གལ་ཆེན་དུ་བསྒྱུར་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ནུས་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་ནུས།   གནད་དོན་སྔོན་འགོག་དང་ཐག་གཅོད་པའི་བྱེད་ནུས་བཅས་ཇེ་དྲག་ཏུ་གཏོང་དགོས།  བསླབ་ནས་སྤྱོད་བཟང་སྐྱོང་བའི་སྟེང་རྒྱུན་ཆད་མེད་པར་ཤུགས་འདོན་པ་དང་།  དེ་བདེན་འཚོལ་དངོས་གཉེར་དང་དངོས་སྒྲུབ་དམ་འཛིན་གྱི་གཟབ་ནན་སྤྱོད་ཚུལ་དུ་བསྒྱུར་ནས།    སྣེ་ཁྲིད་དེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པ་དང་དམ་འཛིན་ཆེན་པོས་དོན་འཁྱོལ་བྱེད་པའི་ཁྲིད་སྟོན་གསལ་བོ་འཛུགས་པ།    ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ།  དཔེ་གཞིར་བརྟེན་ནས་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་གྱི་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་ནན་མོ་བཏང་སྟེ་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་རང་མདངས་སྲུང་འཛིན་བྱེད་དགོས།   བསླབ་ནས་ལས་སྐུལ་བའི་སྟེང་རྒྱུན་ཆད་མེད་པར་ཤུགས་འདོན་པ་དང་།   དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་སུ་བསྒྱུར་བ་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ།   ཐུན་མོང་ཕྱུག་འགྱུར་དང་འགན་འཁྲི་སེམས་སུ་འཛིན་པ།  འགན་འཁྲི་ལག་བསྟར་བྱེད་པར་མཉམ་དུ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།

                                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།