རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་ནས་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་འཐབ་ཇུས་མྱུར་དུ་ལག་བསྟར་བྱེད་པར་དམིགས་ནས་གཏམ་བཤད་སྤེལ།
2023.08.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 45

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། རྒྱུན་ཨུ་བཅུ་གསུམ་གྱིས་ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་ནས་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་འཐབ་ཇུས་མྱུར་དུ་ལག་བསྟར་བྱེད་པར་དམིགས་ནས་གཏམ་བཤད་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། རྒྱུན་ཨུ་བཅུ་གསུམ་གྱིས་ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་ནས་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་འཐབ་ཇུས་མྱུར་དུ་ལག་བསྟར་བྱེད་པར་དམིགས་ནས་གཏམ་བཤད་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

རྒྱུན་ཨུ་ཝང་ཀྲི་ཀང་དང་ཧོང་ཝེ་གཉིས་ཀྱིས་མཉམ་འབྲེལ་གཏམ་བཤད་སྤེལ་སྐབས། བློ་བརྟན་འགྱུར་མེད་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། རྩ་བ་ནས་གནད་འགག་གི་ལག་རྩལ་གནད་དོན་ཐག་གཅོད་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ཨུ་ཧོང་རོང་ཁྱིག་གིས་གནད་དོན་ཁ་ཕྱོགས་དང་དངོས་བཀོལ་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་ཚན་རྩལ་གཞོགས་འདེགས་ལ་ཤུགས་སྣོན་བྱས་ནས། མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པར་བསྟན། རྒྱུན་ཨུ་ལིས་ཝེ་ཡིས་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་བྱས་ཏེ་གཏམ་བཤད་སྤེལ་ནས། སྲིད་ཇུས་ཀྱི་སྐྱེ་ཁམས་བཟང་བོ་བསྐྲུན་ཏེ་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནང་གི་སྒུལ་ཤུགས་སྐུལ་སྤེལ་བྱེད་པ་དང་། ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཁྲོད་ཀྱི་ཁྲིད་སྟོན་རམ་འདེགས་ནུས་པ་འདོན་སྤེལ་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ཨུ་ཏིན་རོང་ལིན་གྱིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྤེལ་ནས། ཤུགས་ཆེན་པོས་སྐྱེ་དངོས་སྨན་རྫས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དམིགས་ས་དང་རྐྱེན་སྲོལ་གསར་བ། རྣམ་པ་གསར་བའི་སྨན་རྫས་ཀྱི་གསར་སྤེལ་རྣམ་པ་གསར་གཏོད་བྱེད་པར་ཤུགས་སྣོན་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་སྐྱེ་ཁམས་བཟང་བོར་བསྐྲུན་དགོས་པའི་གྲོས་གཞི་བཏོན། རྒྱུན་ཨུ་ལའེ་མེན་གྱིས་མཉེན་ཆས་ཀྱི་རྨང་གཞིའི་ཞིབ་འཇུག་དང་དམའ་རིམ་གྱི་ལག་རྩལ་གསར་སྤེལ་ལ་ཤུགས་སྣོན་བྱེད་པ་དང་། མཁྲེགས་གཏོར་སྟོབས་ཤུགས་ལེགས་སྒྲིག་དང་འཕེལ་རྒྱས་འཆར་འགོད་ལེགས་བཅོས་བྱས་ནས། བཟོ་ལས་ཀྱི་མཉེན་ཆས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ཨུ་ཝང་ལུའུ་ཡིས་ཚན་རིག་ཞིབ་འཇུག་གི་དོ་དམ་རྐྱེན་སྲོལ་བཅོས་བསྒྱུར་བྱེད་པ་དང་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བགོ་བཤའ་དང་སྐུལ་མ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་རམ་འདེགས་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ཨུ་ཧུའུ་ཀང་གིས་ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འཇོན་མི་གཅིག་འདུས་ཀྱི་མཐོ་ས་གསར་བསྐྲུན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་གསར་གཏོད་མ་ལག་ཁྲོད་འདྲེས་པར་བྱེད་དགོས་པར་བསྟན། རྒྱུན་ཨུ་ཞེ་རོའུ་ཡིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྤེལ་ནས། དམངས་གཉེར་ཁེ་ལས་དག་རྒྱལ་ཁབ་ཀྱི་གསར་གཏོད་ཆེན་མོའི་ནང་ཧུར་ཐག་སྒོས་ཞུགས་ནས་ཚན་རྩལ་གསར་གཏོད་ཀྱི་འགན་འཁྲི་ལྗིད་མོ་ཁུར་དུ་ལེན་པར་སྐུལ་མ་བཏང་ནས་ཁྲིད་སྟོན་གང་ལེགས་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ཨུ་ཁྲིན་ཞིན་ཡུན་གྱིས་དམངས་གཙོ་གསར་བརྗེ་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྤེལ་ནས། ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་དངུལ་གཏོང་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱས་ཏེ། ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་བྱ་བ་སྤེལ་བར་སྲིད་ཇུས་ཀྱི་རོགས་འདེགས་དང་ཐོན་ཁུངས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ཨུ་ལིའུ་ཡན་གྱིས་ཐེ་ཝན་དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྤེལ་ནས། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཐོན་ལས་ཀྱི་རོགས་འདེགས་ནུས་པ་མཐོར་འདེགས་དང་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པར་བསྟན། རྒྱུན་ཨུ་ཧོང་ཧོས་མེན་གྱིས་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྤེལ་ནས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་ཐོན་སྐྱེད་དང་ཞིབ་འཇུག་གི་འཇོན་མིའི་འཁོར་རྒྱུག་རྐྱེན་སྲོལ་བཀག་མེད་དུ་བཏང་སྟེ། གསར་གཏོད་སྟེགས་བུའི་ཁེ་ལས་ཀྱི་སྒོ་འབྱེད་ཤུགས་ཚད་མཐོར་འདེགས་གཏོང་དགོས་པར་བསྟན། རྒྱུན་ཨུ་ལུའུ་གོ་ཡེ་ཡིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྤེལ་ནས། མིའི་བཟོས་རིག་ནུས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་བཅས་ཟུང་འབྲེལ་དམ་པོ་བྱས་ནས། བཟོ་ལས་ཀྱི་རིག་ནུས་འཕེལ་རྒྱས་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ཨུ་ཞུའུ་ཡན་ཧའོ་ཡིས་ཚན་རྩལ་ཁྱབ་གདལ་གྱི་རྩ་འཛུགས་སྐུལ་སློང་ནུས་པ་མཐོར་འདེགས་བྱས་ཏེ། ཚན་རྩལ་ཁྱབ་གདལ་གྱི་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། ཚན་རིག་ཤེས་བྱ་བརྒྱུད་སྒྲོག་དང་ཚན་རིག་སྙིང་སྟོབས་དར་སྤེལ་བྱེད་པའི་བྱེད་ནུས་འདོན་དགོས་པའི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧོས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐེ་ཧྥུན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲོན་ཧྭ་དང་། ཧྲིན་ཡའོ་ཡའོ། ཝང་ཡུང་། ཀྲོའུ་ཆང་། ཧི་ཧིག་ཧྭ། པཱ་ཐུར། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧོང་། ཞན་ཧོས། ཝང་ཏུང་ཧྥུན། ཅང་ཙོ་ཅོན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པའོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།