ཞི་ཅིན་ཕིང་གིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་ཟི-ཁཱ་ནེར་དང་མཇལ་འཕྲད་གནང་།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན་ནེ་སི་པའོ་རུ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་སྐབས་སུ། ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་ཟི-ཁ་ནེར་དང་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ན་ནིང་གི་ཟླ་བཅུ་གཅིག་པའི་ནང་དུ། ཀྲུའུ་ཞི་མཆོག་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་དུས་རབས་གསར་པའི་ཀྲུང་གོ་དང་ཁུ་པའི་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ནས་ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་བ་དང་། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐད་ནས་མོས་མཐུན་གཅིག་གྱུར་བྱུང་། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ངོས་འཛིན་གཅིག་མཐུན་དེ་དག་དོན་འཁྱོལ་ཡག་པོ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཇེ་དྲག་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། འཐབ་ཇུས་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཁུ་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་དམིགས་བསལ་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་ཕྱི་ཕྱོགས་ནས་ཐེ་གཏོགས་དང་བཀག་སྡོམ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། ཁུ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས“རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོ”ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སྟེགས་བུ་གལ་ཆེན་ཞིག་ཡིན། ཁུ་པ་འདི་ཉིད་ད་ལོའི“རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོའི”ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པས་ཟླ་བ་རྗེས་མར“རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོ”ཡི་རྩེ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཁུ་པ་དང་རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་ཁོངས་མི་དང་མཉམ་དུ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་འཕེལ་རྒྱས་ཀྱི་དབང་ཆར་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཏིས་ཡ་ཟི-ཁ་ནེར་གྱིས་ཁུ་པ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོགོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་།ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཁུ་པ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཏེ། རང་སོ་སོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་མཉམ་སྐྱོད་བྱེད་འདོད་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས། “རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོའི”རྩེ་ཚོགས་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།