ཁྲིན་ཀང་གིས་མགོ་ལོག་ཁུལ་གྱི་རྫོང་འགའ་རུ་རྟོག་ཞིབ་བྱས།
2023.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དང་པད་མ་རྫོང་། དར་ལག་རྫོང་། དགའ་བདེ་རྫོང་བཅས་ལ་རྟོག་ཞིབ་བྱེད་པར་སོང་། རྟོག་ཞིབ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དྲིན་བསམ་མདུན་སྐྱོད་དང་དངོས་སྒྲུབ་འབད་འཐབ་བྱས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་ཆར་བ་ཆུ་གྲོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

མགོ་ལོག་ནི་རྨ་ཆུའི་འགོ་ཁུངས་སུ་ཆགས་ལ། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུ་ཁུངས་གསོག་ས་གལ་ཆེན་ཡིན། ཁྲིན་ཀང་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་དར་ལག་རྫོང་རྨ་ཆུ་བརླན་སའི་སྤྱི་གླིང་དུ་སོང་ནས། ཡུལ་དངོས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་ཚང་མས་དུས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་ནི། རྒྱལ་དོན་གལ་ཆེན་ཡིན་པའི་མངགས་བཅོལ་གལ་ཆེན་སེམས་ལ་འཛིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་དགོས་ཞེས་ནན་གྱིས་གདམས།

གཅིག་སྒྲིལ་རྫོང་མཚོ་སྔོན་ལྔ་གསུམ་དྲུག་དགུ་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་པད་མ་རྫོང་ལྕགས་རི་ཐང་ཡུལ་ཚོའི་ཁྱད་ལྡན་ཐོན་ལས་ར་བ། དར་ལག་རྫོང་རིག་སྟོབས་ཞིང་ར་བཅས་སུ། ཁྲིན་ཀང་ཁེ་ལས་ཀྱི་འཁོར་ཁང་དང་ཞིང་ཁ། གསོ་སྤེལ་ཕྱུགས་ར་བཅས་ལ་སོང་ནས། ས་དེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཕྱུགས་ལས་རིག་སྟོབས་ཅན་གྱི་ཚུལ་སྒྱུར་སོགས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། གཙོ་བོར་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ཁག་གནད་དོན་གསལ་བོར་དྲིས་ཤིང་། ཁེ་ལས་ཀྱིས་མཐོ་སྒང་དུ་རྩ་བ་བཙུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་སྐུལ་སློང་བྱས། མགོ་ལོག་ནི་རང་ཞིང་གི་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཡིན་པས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་གསར་སྐྲུན་བྱེད་པའི་དམིགས་འབེན་གཙིགས་སུ་འཛིན་པ་དང་། ཁེ་ལས་གཙོ་བོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་ཀྱིས་ཁྱད་ལྡན་ཐོན་ལས་སྟོབས་ལྡན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། མང་ཚོགས་ཡོང་འཕར་ཕྱུག་སྒྱུར་བྱེད་པར་སྣེ་ཁྲིད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་དགོས་ཞེས་ནན་གྱིས་བསྟན།

པད་མ་རྫོང་དམར་དམག་ལུང་བའི་གསར་བརྗེའི་གནས་རྙིང་དུ། ཁྲིན་ཀང་གིས་ཚང་མ་དང་མཉམ་དུ་བཟོ་ཞིང་དམར་དམག་གི་དམག་མི་དང་ས་དེའི་བོད་རིགས་མང་ཚོགས་བར་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་ཕྱིར་དྲན་བྱས་ནས་ནན་གྱིས་བསྟན་དོན། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་དམར་པོའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ། རླབས་ཆེ་བའི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་དགོས། པད་མའི་ཉམས་མྱོང་འགྲེམ་སྟོན་ཁང་དུ། ཁྲིན་ཀང་གིས་པད་མའི་ཉམས་མྱོང་གྲུབ་པའི་རྒྱུ་རྐྱེན་དང་རིམ་སྤོར་པར་གཞི་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་རྒྱུས་ལོན་གསལ་བོ་བྱས་ནས་ནན་གྱིས་བསྟན་དོན། པད་མའི་ཉམས་མྱོང་མུ་མཐུད་དུ་དར་སྤེལ་གཏོང་བ་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཤུགས་སྣོན་པ་དང་གསར་གཏོད་བྱེད་དགོས། དགའ་བདེ་རྫོང་མི་དམངས་སྨན་ཁང་དུ་། ཁྲིན་ཀང་གིས་གསོ་རིག་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་དང་ཚོགས་སྒྲིག་རང་བཞིན་གྱི་སྨན་བཅོས་རོགས་སྐྱོར་གནས་ཚུལ་ལ་ཉན་པ་དང་། ཧྲང་ཧེ་ཡིས་མངག་གཏོང་བྱས་པའི་སྨན་བཅོས་རོགས་སྐྱོར་མི་སྣར་བཀའ་དྲིན་ཞུས། ཁོས་ནན་གྱིས་བསྟན་དོན། བདེ་ཐང་དོ་དམ་ཉིན་རྒྱུན་གྱི་བྱ་བའི་ཁྲོད་ཁྱབ་པར་བྱེད་པ་དང་། ནད་ལྕི་མོ་འགོག་པ་དང་དལ་བའི་རང་བཞིན་གྱི་ནད་རིགས་ལ་དོ་དམ་བྱེད་པ། བདེ་ཐང་ལ་སྐུལ་འདེད་བཏང་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱི་ནད་སྟོན་སྨན་བཅོས་ཐད་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།