མཚོ་སྔོན་ཞིང་ཆེན་གྱིས་ན་གཞོན་ལས་བྱེད་པ་བདམས་མངག་བྱས་ནས་བརྗེ་རེས་འགན་ཁུར་བྱ་བ་སྤེལ།
2023.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ན་གཞོན་ལས་བྱེད་པ་བདམས་མངག་བྱས་ནས་བརྗེ་རེས་འགན་བཞེན་བྱེད་པའི་སྐུལ་སློང་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། བདམས་མངག་བྱས་པའི་བརྗེ་རེས་འགན་ཁུར་ལས་བྱེད་པ་དང་། འབྲེལ་ཡོད་བདམས་མངག་དང་དང་ལེན་ས་ཁུལ་གྱི་ལས་ཁུངས་ཀྱི་རྩ་འཛུགས་མི་དོན་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། ན་གཞོན་ལས་བྱེད་པ་བདམས་མངག་བྱས་ནས་བརྗེ་རེས་འགན་ཁུར་བྱེད་རྒྱུ་ནི་མཚོ་སྔོན་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་མངོན་སུམ་གྱི་དགོས་མཁོ་དང་། ན་གཞོན་ལས་བྱེད་པ་སྐྱེད་སྲིང་སྦྱོང་བརྡར་བྱེད་པ་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཡིན་པས། བདམས་མངག་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་ཁྱེར་ནས་ལས་རྐང་གསར་བའི་སྟེང་ཞུགས་པ་དང་ལས་འབྲས་གསར་བ་བསྐྲུན་དགོས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བདམས་མངག་ལས་བྱེད་པས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། མི་དམངས་ཀྱི་བརྩེ་སེམས་ཇེ་བརྟན་དུ་གཏོང་བ། མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཞུ་བྱེད་པའི་ལག་ལེན་ཁྲོད་རང་ངོས་འཐུས་ཚང་དུ་གཏོང་དགོས། འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ་དང་། སློབ་སྦྱོང་ལ་ཤུགས་སྣོན་པ་དང་བརྟག་དཔྱད་ཞིབ་འཇུག་གི་ནུས་པ།མང་ཚོགས་ཀྱི་བྱ་བའི་ནུས་པ་བཅས་མཐོར་འདེགས་བཏང་ནས། བློ་སེམས་རྩེ་གཅིག་གིས་བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་བཟང་བོ་གྲུབ་པར་བྱེད་པ་དང་། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ། བདེན་འཚོལ་དངོས་གཉེར་དང་བདེན་འཛིན་དངོས་སྒྲུབ་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བྱས་ཏེ། སྤྱོད་ཚུལ་བཟང་བོས་འགན་འཁྲི་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་དང་དཀའ་ཁག་ཁྱད་སེལ་བྱེད་དགོས། གཟབ་ནན་གྱི་རེ་བ་ལག་བསྟར་བྱེད་པ་དང་། རང་གཅུན་ནན་མོ་བྱེད་པ་དང་འགན་འཁྲི་ལག་བསྟར་བྱེད་པ། ཁོངས་གཏོགས་ས་ཆར་དོ་དམ་ནན་མོ་བྱས་ནས། དུས་ནམ་ཡང་རང་ཟོན་རང་བརྟག་དང་ཁེར་གཟབ་གཟབ་ནན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་རྩ་འཛུགས་མི་དོན་སྡེ་ཁག་གིས་རང་འགུལ་གྱིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། དོ་དམ་དང་གཅེས་སྐྱོང་ཟུང་འབྲེལ་བྱེད་པ་དང་སྐུལ་སློང་དང་བཀག་སྡོམ་ལ་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྗེས་འདེད་སྐྱེད་སྲིང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། འཆར་གཞི་ཡོད་པའི་སྒོ་ནས་ན་གཞོན་ལས་བྱེད་པར་ལས་འགན་སྤྲོད་པ་དང་ཁུར་བོ་བཞག་སྟེ། བདམས་མངག་ལས་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།