ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.08.25 ཁུངས། ཀློག་གྲངས། 30

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་མཐིལ་ཕྱིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་དངོས་འབེབས་ནན་མོ་བྱས་ནས། འདྲི་རྩད་ཆེན་མོ་དང་རྟོག་ཞིབ་ཆེན་མོ། གྲལ་བཤེར་ཆེན་མོ། བརྒལ་གཏོར་ཆེན་མོ་བཅས་ཀྱི་བྱ་འགུལ་སྤེལ་ནས། འཐབ་ས་དང་པོ་རུ་བསྐྱོད་ནས་དྲིས་ལན་བཙལ་པ་དང་། གནད་དོན་དང་བྱ་བ། འགན་ཁུར་བཅས་ཀྱི་རེའུ་མིག་གཅིག་དང་རྩིས་ཐོ་གསུམ་གྱི་རྐྱེན་སྲོལ་བཙུགས་ནས། བྱ་བ་རེ་རེ་ཞིབ་ཚགས་ཀྱིས་དངོས་འབེབས་བྱས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། 

གནད་དོན་ལ་ཁ་གཏད་ནས། འགོ་རྩོམ་ས་ཆུང་ངུ་ནས་འགྱུར་ལྡོག་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་འཛུགས་ཁྲོད་ཀྱི་གནད་དོན་དགུ་ལ་མ་ལག་རང་བཞིན་གྱི་གསེད་བཀྲོལ་བྱས་ནས། གནད་དོན་གྱི་ཁྲིད་ཕྱོགས་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཏང་འཛུགས་བྱ་བའི་ཕྱོགས་སོ་སོར་སྐུལ་མ་བཏང་། 

གནད་དོན་རྙེད་མཁས་པར་བྱས་ཏེ། གནས་ཚུལ་ངོ་མར་ཞིབ་བཤེར་ནན་མོ་བྱས། གཞི་རིམ་ཏང་ཡོན་ལས་བྱེད་པས་ཕན་ཚུན་གླེང་མོལ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་གནས་ཚུལ་ངོ་མ་དང་སེམས་ཁྲལ་ངོ་མ་ལ་རྒྱུས་ལོན་གསལ་བོ་བྱས། 

གནད་དོན་ཞིབ་ཚགས་ཀྱིས་ཐག་གཅོད་བྱས་ཏེ། ཐུན་མོང་ཐོག་འཕེལ་རྒྱས་གསར་བར་སྐུལ་འདེད་བཏང་། མྱུར་དུ་བཅོས་སྒྱུར་དང་ཡུན་རིང་འཛུགས་སྐྱོང་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། རྙེད་པའི་གནད་དོན་ལ་ཁ་གཏད་ནས། བརྡ་སྦྱོར་བཏང་ནས་གནད་དོན་བཤད་དུ་བཅུག་ནས། གཞི་རིམ་ཏང་རྩ་འཛུགས་དེ་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཕུལ་བྱུང་དུ་འགྱུར་བར་སྐུལ་འདེད་བཏང་། མིག་སྔའི་བར་དུ། ཚུལ་སྒྱུར་བྱས་བའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཞེ་གསུམ་དང་། ལམ་ལུགས་རང་བཞིན་གྱི་ཡིག་ཆ་གཏན་འབེབ་བྱས་པ་བཅུ་གསུམ། ཉམས་མྱོང་ཅན་གྱི་སྒྲུབ་སྟངས་བཞི་བཅས་ཡོད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།