སྒྲོག་འགྲེལ་ལ་བརྟེན་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཐོ་སྒང་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།
2023.08.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པར་སྣེ་ཁྲིད་བྱེད་ཆེད། ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅི། འགོ་གཙོ་ཧུའུ་ཝེ་ཀྲུང་དང་། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་སྔོན་ཆད་ཀྱི་ཡོན་ཀྲང་གཞོན་པ། ཞིབ་འཇུག་པ་སུང་ཧྭ་ཕིང་གཉིས། སོ་སོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུ་ཕུལ།

ཧུའུ་ཝེ་ཀྲུང་གིས་བདེན་འཛིན་དངོས་སྒྲུབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་འཆར་གཞི་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་པ་ཁ་བྱང་དུ་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཚོམས་གྲོས་ཚོགས་ཐེངས་བཞི་པའི་བརྗོད་དོན་དང་དོན་སྙིང་གལ་ཆེན་དང་། ཅིའི་ཕྱིར་བསྒྲུབ་པ་དང་ཅི་ཞིག་བསྒྲུབ་པ། ཅི་ལྟར་བསྒྲུབ་པ་སོགས་ཕྱོགས་བཞིའི་ཐད་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ཁྱོན་ཡོངས་དང་ཡང་དག་པ། གཏིང་ཟབ་སྒོས་ཟུར་ཁྲིད་དང་འགྲེལ་ཀློག་བྱས།

སུང་ཧྥུ་ཕིང་གིས་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་གཙོར་བཟུང་ནས། ཧུར་ཐག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་རྒྱུ་ཁ་བྱང་དུ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཚོམས་གྲོས་ཚོགས་ཐེངས་བཞི་པའི་གྲུབ་འབྲས་གཙོ་བོ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་བབ་བསྟུན་མདུན་སྐྱོད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་བོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་དཔལ་འབྱོར་བྱ་བའི་ཐད་ཀྱི་སྤྱི་སྡོམ་དང་བཀོད་སྒྲིག་སོགས་ཕྱོགས་ལྔར་དམིགས་ནས་འགྲེལ་ཀློག་བཟང་བོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་དོན་སྙིང་ལ་ཁྱོན་ཡོངས་ནས་འགྲེལ་བཤད་བྱས།

སྙན་ཞུ་གྲོས་ཚོགས་ཐེངས་གཉིས་ཀྱི་ལྟ་ཚུལ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། གཞུང་ལུགས་གཏིང་ཚད་ཡོད་ཅིང་མངོན་སུམ་གྱི་ཁ་གཏད་རང་བཞིན་ཆེན་པོ་ལྡན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པའི་ཐད་ནས་མཛུབ་སྟོན་གྱི་དོན་སྙིང་དང་ལག་ལེན་གྱི་ནུས་པ་ལྡན།

སྙན་ཞུ་ལ་ཉན་རྗེས་ཚང་མས་མཐའ་གཅིག་ཏུ། སྒྲོག་འགྲེལ་སྙན་ཞུ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམ་དུ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་པ་མ་ཟད། འཕེལ་རྒྱས་ཀྱི་སྤྱི་ཡོངས་གཙིགས་སུ་བཟུང་ཡོད་ལ། ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཉམས་ལྡན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ནས་མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན་པའི་ཚུལ་བསྟན། ཚང་མས་མཐའ་གཅིག་ཏུ། འགན་འཁྲི་ཁག་ཁུར་ཇེ་བརྟན་དུ་གཏོང་བ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། བདེན་འཛིན་དངོས་སྒྲུབ་ལ་ཤུགས་སྣོན་པ། གོང་རིམ་གྱིས་འོག་རིམ་གྱི་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། གཅིག་གྱུར་གྱི་བསམ་བློ་དང་བློ་རྩ་བརྟན་པོ། མཐུན་སྦྱོར་གྱི་འགུལ་སྐྱོད། འཐབ་རྩོད་ནུས་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ། ཧུར་ཐག་གིས་བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཕྱོགས་ནས་གྲུབ་འབྲས་བཟང་བོ་བླངས་ནས། ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པ་དང་རྣམ་པ་གསར་བ་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།