ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་བརྗོད་དོན་སློབ་གསོ་སྤེལ།
2023.08.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཨུ་ཡོན་ལྷན་ཁང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་སྙིང་ལ་དམིགས་ནས། སློབ་སྦྱོང་གི་ཆོས་ཉིད་ལ་གོ་བ་ཟབ་མོ་བླངས་པ་དང་། སློབ་སྦྱོང་གི་ཉམས་མྱོང་སྤྱི་སྡོམ་བྱས་ལ། སློབ་སྦྱོང་གི་བྱེད་ཐབས་གསར་གཏོད་བྱས་པ་དང་། སློབ་སློབ་བྱས་རྗེས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཏང་གི་སློབ་གྲྭ་ནས་རྩ་བ་རྒྱས་པར་སྐུལ་འདེད་གཏོང་དགོས།

སྤྱི་ཡོངས་དམ་འཛིན་བྱས་པ་དང་། བརྗོད་དོན་སློབ་གསོ་འབུར་དུ་ཐོན་པར་བྱས་ལ། རྒྱུན་སྲིང་གསུམ་ལ་སྐུལ་འདེད་བཏང་། སློབ་གྲྭའི་ཨུ་ཡོན་ལྷན་ཁང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཙོར་བཟུང་ནས་སློབ་སྦྱོང་དང་ཞིབ་འཇུག་གྲོས་སྡུར་བྱས། གཙོ་བོར་རྒྱུན་སྲིང་གསུམ་ལ་སྐུལ་འདེད་བཏང་བ་སྟེ། རྒྱུན་སྲིང་གསུམ་གཙོ་བོར་འཛིན་དགོས་ཏེ་སྔུན་ལ་རྒྱུན་སྲིང་བ་དང་འཕྲེད་དུ་རྒྱུན་སྲིང་བ། གཞུང་ལ་རྒྱུན་སྲིང་བ་བཅས་ཡིན། གཙོ་བོར་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཏང་གཤིས་བརྟན་པོ་མངོན་པར་བྱེད་པ་དང་སྦྱོང་བརྡར་བྱེད་པ། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། དགོངས་པ་སློབ་སྦྱོང་དང་ཏང་གཤིས་སྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་གསར་བ་འཇོག་པ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་སོགས་ལ་དམིགས་ནས་ཞིབ་འཇུག་གྲོས་སྡུར་བྱས་པ་དང་། ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

དངོས་གཉེར་དམ་འཛིན་བྱས་པ་དང་། སློབ་སྦྱོང་བྱེད་ཐབས་གསར་གཏོད་བྱས་ལ། སློབ་སྦྱོང་གི་གྲུབ་འབྲས་ལ་དོ་སྣང་བྱས། ཐུན་མོང་སློབ་སྦྱོང་དང་ཡང་ན་ཆེད་མཁས་པས་ཟུར་ཁྲིད་སྙན་ཞུ་བྱས་རྗེས། ལྟེ་གནས་ཚན་ཆུང་གི་ཁོངས་མིས་མི་སྒེར་གྱི་བསམ་བློ་དང་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་གླེང་། གཅིག་བསྡུས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས། བརྙན་རིས་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། ལྟ་ཞིབ་སློབ་སྦྱོང་། ཆེད་མཁས་པ་དང་རིག་གནས་པ་གདན་ཞུ་བྱས་ནས་ཟུར་ཁྲིད་སྙན་ཞུ་འབུལ་བ་སོགས་ཀྱི་རྣམ་པ་སྤྱད་དེ་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་གི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་།

ལག་བསྟར་དམ་འཛིན་བྱས་པ་དང་། སློབ་སྦྱོང་དང་ལག་བསྟར་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ལ། གྲུབ་འབྲས་བསྒྱུར་བར་སྐུལ་འདེད་བཏང་། སློབ་དོན་ཁྲུའུ་ཏང་ཀྲི་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ་སོགས་ཀྱིས་ཆེད་དོན་གསར་བ་བཅུ་དགུ་དང་ཏང་གཤིས་སློབ་གསོའི་ཆེད་དོན་གསར་བ་བཅུ་གཅིག ནུས་པ་མཐོར་འདེགས་གཏོང་བའི་ཆེད་དོན་ཉེར་དྲུག་གསར་སྤེལ་བྱེད་རྒྱུའི་འཆར་འགོད་བཟོས། ཚན་རིག་ཞིབ་འཇུག་ཁྲུའུ་ཏང་ཀྲི་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ནས་སྤུས་ཚད་མཐོ་བའི་གྲུབ་འབྲས་ཆེད་དོན་བྱ་དགའི་ཚོད་ལྟ་བྱེད་ཐབས་སོགས་ལམ་ལུགས་བཟོ་བཅོས་བྱས། མཚོ་སྔོན་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་ཏང་ཀྲི་པུའུ་ཡིས་རིག་མཛོད་བློ་འདོན་མ་ལག་གི་མཚན་སྙན་གསར་སྐྲུན་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་བརྗོད་དོན་དུ་བྱས་ནས་ཞིབ་འཇུག་སྙན་ཞུ་དང་སྲིད་ཞབས་ཆེད་དོན་ཚགས་པར་སྐབས་དགུ་པ་སྒྲིག་བཟོ་འགྲེམ་སྤེལ་བྱས།

རྒྱུན་རྣམ་དམ་འཛིན་བྱས་པ་དང་། འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སློབ་སྦྱོང་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན་དུ་བསྒྱུར། སློབ་གྲྭའི་ཨུ་ཡོན་ལྷན་ཁང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ལམ་ལུགས་གསར་བར་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་པ་དང་། ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་ལ་བརྟེན་ནས་ལྟེ་གནས་ཚན་ཆུང་གིས་ཚན་རིག་སློབ་སྦྱོང་བྱེད་པའི་ཚད་ལྡན་ཡུན་ཕན་ལ་འགན་སྲུང་བྱས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་པ་དང་། དུས་བཀག་ལྟར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་དུས་ངེས་མེད་ཀྱི་འཐེན་ཞིབ་བརྒྱུད་དེ་ཀྲི་པུའུ་སོ་སོའི་ཐུན་མོང་གི་སློབ་སྦྱོང་དང་བརྗེ་རེས་བགྲོ་གླེང་ཁྲོད་ཞུགས་ལ། གནས་ཚུལ་རྒྱུས་ལོན་དང་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་། དུས་ཐོག་ཏུ་སློབ་སྦྱོང་གི་གོ་རིམ་ཁྲོད་བྱུང་བའི་གནད་དོན་བཙལ་ནས། མཛུབ་སྟོན་ལ་ཤུགས་བསྣན་པ་དང་བྱ་བ་ལེགས་སྒྱུར་བྱས།

རིན་ཆེན་མཚོས་བསྒྱུར།