ཝུའུ་ཞའོ་ཅུན་ཏང་ཡོན་དཀྱུས་མའི་ཐོབ་ཐང་གིས་ཁོ་ཡོད་སའི་ཏང་ཀྲི་པུའུ་ཡི་བརྗོད་དོན་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཞུགས།
2023.08.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཏང་ཡོན་དཀྱུས་མ་ཞིག་གི་ཐོབ་ཐང་གིས་ཁོ་ཡོད་སའི་ཞིང་ཆེན་སྲིད་གཞུང་གཞུང་སྒྲུང་ཐིན་ཕྱོགས་བསྡུས་ཁྲུའུ་དང་པོའི་ཏང་ཀྲི་པུའུ་ཡི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཞུགས་ནས་ཏང་ཀྲི་པུའུ་ཡི་ཁོངས་མི་དང་བརྗེ་རེས་བྱས།

ཚོགས་ཐོག་ནས་ཀྲི་པུའུ་འགན་ཁུར་བློ་མཐུན་གྱིས་ཏང་ཀྲི་པུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་དཔེ་སྡུར་ཞིབ་བཤེར་བྱས་ལ། ཀྲི་པུའུ་ཡི་ཏང་ཡོན་གྱིས་མི་སྒེར་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་གཏམ་བཤད་པ་དང་སློབ་སྦྱོང་དང་མྱོང་ཚོར་བརྗེ་རེས། བྱ་བའི་ཐད་ཀྱི་མི་འདང་སར་ཞིབ་ལྟ། གནད་དོན་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ། འབད་འབུངས་ཁ་ཕྱོགས་གསལ་སྟོན་བྱས་པ་དང་གཞུང་སྒྲུབ་ཐིན་གྱི་འགན་ཁུར་བློ་མཐུན་གྱིས་དཔྱད་འཇོག་བྱས།

ཝུའུ་ཞའོ་ཅུན་གྱིས་ནན་ཏན་ངང་གཏམ་བཤད་ལ་ཉན་རྗེས་ཚང་མ་དང་བརྗེ་རེས་བྱས། ཁོས་བཤད་རྒྱུར། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ནི་སྲིད་གཞུང་གི་བྱ་བ་འཁོར་སྐྱོད་བྱེད་པའི་འགག་རྩ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱུན་འཁྱོངས་བྱེད་དགོས་པ་ལྔ་ཡི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་པ་དང་། གཞུང་ལུགས་སློབ་སྦྱོང་དང་ཏང་གཤིས་བསྐྱེད་པ། ནུས་པ་མཐོར་འདེགས་གཏོང་བ། ལས་བཀུར་ལས་བརྩོན་བྱེད་པ། རང་ལ་རེ་བ་ནན་མོ་འཛིན་པའི་རྨང་གཞིའི་སྟེང་སྔར་ལས་ལྷག་པའི་འཚོལ་སྙེག་ཡོད་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། གཞུང་ལུགས་སློབ་སྦྱོང་ཐད་སྔར་ལས་ལྷག་པའི་འཚོལ་སྙེག་ཡོད་པར་བྱ་དགོས་ཏེ། མ་རྩོམ་ཀློག་པ་དང་མ་རྩོམ་ལ་སློབ་སྦྱོང་བྱེད་པ། མ་རྩོམ་ལ་གོ་བ་ལེན་པའི་རྒྱུན་བསྐྱངས་ནས་ཤེས་བྱ་གསོག་འཇོག་དང་ཤེས་བྱའི་སྒྲིག་གཞི་ལེགས་སྒྱུར་བྱེད་པ། མིག་རྒྱང་རིང་བར་བྱེད་པ། སློབ་སྦྱོང་བྱེད་པའི་དམ་ཟབ་རང་བཞིན་དང་ཁ་གཏད་རང་བཞིན། ཕན་འབྲས་རང་བཞིན་མུ་མཐུད་ཇེ་དྲག་ཏུ་གཏོང་དགོས། ཏང་གཤིས་བསྐྱེད་པའི་ཐད་སྔར་ལས་ལྷག་པའི་འཚོལ་སྙེག་ཡོད་པར་བྱ་དགོས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ནས་སྔར་ལས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རང་སྣང་འཇིག་རྟེན་ལ་འགྱུར་བ་གཏོང་དགོས་ཤིང་ཏང་ལ་བློ་དཀར་བའི་ཆབ་སྲིད་གཤིས་སྤྱོད་སྦྱོང་བརྡར་བྱེད་དགོས། ནུས་པ་མཐོར་འདེགས་གཏོང་བའི་ཐད་ནས་སྔར་ལས་ལྷན་པའི་འཚོལ་སྙེག་ཡོད་པར་བྱ་དགོས་ཏེ། ཆེད་ལས་ནུས་པ་མཐོར་འདེགས་གཏོང་རྒྱུ་དམ་འཛིན་བྱེད་པ་དང་ཕྱོགས་སོ་སོའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་བྱས་ནས་རང་སྟེང་ནས་ཐོལ་བརྒལ་བྱེད་དགོས། ལས་བཀུར་ལས་བརྩོན་ཐད་སྔར་ལས་ལྷག་པའི་འཚོལ་སྙེག་ཡོད་པར་བྱ་དགོས་ཏེ། ནམ་ཡང་འགན་འཁུར་བའི་བྱ་བའི་རྣམ་འགྱུར་འཛིན་པ་དང་ནམ་ཡང་དཀའ་ངལ་གདོང་གིས་བསུ་བའི་སྤྱོད་ཚུལ་གྱི་རྒྱུན་བསྐྱངས་ནས་ནན་ནན་ཏན་ཏན་དང་སྡུག་རུས་ཡོད་པ། བློ་རྩ་བརྟན་པ། ལྷོད་གཡེང་མེད་པར་བྱ་བ་ལེགས་པར་བསྒྲུབ་དགོས། རང་ལ་རེ་བ་ནན་མོ་འཛིན་པའི་ཐད་སྔར་ལས་ལྷག་པའི་འཚོལ་སྙེག་ཡོད་པར་བྱ་དགོས་ཏེ། བསམ་པའི་ཚད་མཐའ་བརྟན་སྲུང་བྱེད་པ་དང་སྤྱོད་བཟང་དྲང་ནུས་དར་སྤེལ་གཏོང་བ། རང་རྟོགས་ངང་རང་དང་འབྲེལ་བའི་བར་སྟོང་གཙང་སྒྱུར་བྱེད་པ། ཁྱིམ་སྲོལ་བཟང་པོ་གྲུབ་པར་བྱས་ནས་ནམ་ཡང་སྤྱོད་གཙང་སྲོལ་བཟང་རྒྱུན་འཁྱོངས་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།