མཚོ་སྔོན་ཞིང་ཆེན་བཟོ་ལས་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.08.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་འཕྲིན་ཅན་ཐིན་ཏང་ཙུའུ་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་དེ་གནས་ཚུལ་དངོས་ཐག་གཅོད་པ་དང་། བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལེགས་སྒྱུར་ལ་འགན་སྲུང་བྱེད་པ་དང་ཟུང་འབྲེལ་བྱས་པ་དང་། མྱུར་དུ་ལེགས་བཅོས་བྱེད་པ་དང་ཡུན་ཕན་སྒྲིག་སྲོལ་འཛུགས་པར་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱས་ལ། སྤྱིའི་ཆ་ནས་སྐུལ་འདེད་གཏོང་བ་དང་འགུལ་རྣམ་ལེགས་སྒྲིག་བྱེད་པ་གཉིས་ལ་མཐོང་ཆེན་བྱས་པ་དང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྟེང་ཤུགས་བཏོན་ནས། གོ་ཆོད་ཅིང་ཕན་པ་ལྡན་པའི་ལམ་ལུགས་བྱེད་ཐབས་དང་སྲིད་ཇུས་བྱེད་ཐབས་གྲུབ་པར་བྱས། མིག་སྔའི་བར་དུ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་འཆར་གཞི་གཏན་འབེབས་བཟོ་བཅོས་ལམ་ལུགས་དང་རྐྱེན་སྲོལ་བྱེད་ཐབས་སྣ་ཉེར་བརྒྱད་གཏན་འབེབས་བྱས་པ་དང་། སྣ་བརྒྱད་ལག་བསྟར་བྱས།

དེང་རབས་ཅན་གྱི་བཟོ་ལས་མ་ལག་འཛུགས་སྐྲུན་དང་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་དཀྱིལ་སྙིང་ལས་འགན་ལ་ཟུང་འབྲེལ་དམ་ཟབ་བྱས་པ་དང་། བྱ་བའི་དགོས་མཁོ་དངོས་ལ་དམིགས་ནས་འབུར་ཐོན་གནད་དོན་ཐག་བཅད་ལ། ཏང་ནང་ཁུལ་དང་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དོ་དམ་བྱ་བར་དམིགས་ནས། ཐིན་དང་ཨུ་ཡོན་ལྷན་ཁང་གི་བརྗོད་དོན་སློབ་གསོའི་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་བཞིའི་ཁརར་དགུ་སཽན་པ་དང་དེའི་ཁརxསྣོན་པའི་སྤྱིའི་བསམ་ཕྱོགས་བཏོན། དེ་དང་མཉམ་དུ། སྒྲིལ་སྲོལ་དང་ལམ་ལུགས་འཛུགས་པའི་འགུལ་རྣམ་དོ་དམ་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དང་། གཟའ་འཁོར་རེར་རྗེས་འདེད་དང་ཟླ་རེར་སྤྱི་སྡོམ་བྱས་ལ། དུས་ཐོག་ཏུ་ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་གྱི་གནས་ཚུལ་གསར་སྒྱུར་བྱས་ནས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་སྤྱིའི་གྲུབ་འབྲས་ལ་ཁག་ཐེག་བྱས།

བརྗོད་དོན་སློབ་གསོའི་བརྟག་བཤེར་ཞིབ་འཇུག་ཁྲོད་རྙེད་པའི་གནད་དོན་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་རྙེད་པའི་གནད་དོན། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན། ཤན་སྦྱར་རང་བཤེར་དང་དག་ཐེར་ལེགས་བཅོས་ཐད་ནས་བཏོན་པའི་གནད་དོན་ལ་ཟུང་འབྲེལ་བྱས་ནས། རིམ་པ་བཞིན་དབྱེ་ཞིབ་ཞིབ་བཤེར་བྱས་པ་དང་། ལམ་ལུགས་སྟེང་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཤིང་། ཚད་ལྡན་གྱི་ཟུར་ངོས་ནས་བྱེད་ཐབས་ཇུས་གཞི་ལ་ཞིབ་འཇུག་བྱས་པ་དང་བྱེད་ཐབས་བཙལ་བ་དང་། བཟོ་འཕྲིན་དང་རྒྱལ་དབང་རྒྱུ་ནོར་ཁྱབ་ཁོངས་ཀྱིས་ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་ཟབ་སྤེལ་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་རྐང་བཙུགས་ལ། བཟོ་ལས་ཁྱབ་ཁོངས་ཀྱི་སོལ་གློག་སྣུམ་རླངས་དང་སྐྱེལ་འདྲེན་གྱི་མཐུན་སྦྱོར་ཞབས་ཞུ་བྱ་བའི་ལམ་ལུགས་དང་མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན་ལས་འདུ་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ་སོགས་ལམ་ལུགས་བྱེད་ཐབས་གཏན་འབེབས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དྲུག་སྣོན་གཅིག་དང་གཞི་གྲངས་ཀྱི་མཚོ་སྔོན་རོགས་སྐྱོར་བྱེད་པའི་བྱ་བའི་འགན་འཁྲི་ལམ་ལུགས། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཁྱབ་ཁོངས་ཀྱི་ནུས་ཟད་ཚོད་སྡོམ་དང་དཔྱད་ཞིབ་དམིགས་འབེན་སོགས་སྲིད་ཇུས་བྱེད་ཐབས་ཕྱིར་བཏོན་ལ། ལག་ལེན་གྱི་གྲུབ་འབྲས་དུས་ཐོག་ཏུ་ལམ་ལུགས་ཀྱི་གྲུབ་འབྲས་སུ་བསྒྱུར་ནས། ཁྱབ་གདལ་དུ་གཏོང་བ་དང་རྒྱ་ཆེར་བཀོལ་བ་དང་། ཡུན་ཕན་རྒྱུན་སྐྱོང་བྱས།

གོ་རིམ་རྗེས་མར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་འགུལ་རྣམ་དོ་དམ་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱས་ནས། ཉིན་རྒྱུན་གྱི་དོ་དམ་ཐད་སྒྲིག་ལམ་གཞིར་འཛིན་པ་དང་། བྱ་བ་གལ་ཆེན་ཐད་ནས་སྒྲིག་སྲོལ་ལ་རྒྱབ་རྟེན་པ། ལམ་ལུགས་ལ་བརྟེན་ནས་ཚད་གཞིར་སྐུལ་འདེད་གཏོང་བ། ཚད་གཞིར་བརྟེན་ནས་ཡུན་རིང་ལ་དོ་དམ་བྱེད་པ། སྤྱོད་ཚུལ་ནན་མོ་དང་དངོས་གཉེར་གྱི་བྱ་སྤྱོད་ལ་བརྟེན་ནས་བརྗོད་དོན་སློབ་གསོ་ལག་བསྟར་བཟང་བོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།