ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.08.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན།   གསར་འགོད་པས་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།   ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཏུ་བརྩིས་ཏེ་ནན་མོར་སྤེལ་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྒྱུར་གྱི་དཀའ་གནད་ཐག་གཅོད་པར་ཕན་ཡོད་འཚོལ་ཞིབ་བྱས།

ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་གནད་དོན་གལ་ཆེན་དང་ཁྱབ་ཁོངས་གཙོ་བོ།  གནད་འགག་དུས་རིམ་བཅས་ལ་དམིགས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གཅིག་བསྡུས་བྱས་པ་དང་།   ལོ་གཅིག་གི་བཅོས་སྒྱུར་ལས་འགན་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ལ།  དཔལ་འབྱོར་དང་ཆབ་སྲིད།  རིག་གནས།   སྤྱི་ཚོགས།  སྐྱེ་ཁམས་དཔལ་ཡོན། ཏང་གི་འཛུགས་སྐྲུན་བཅས་ཁྱབ་ཁོངས་དྲུག་ཏུ་བརྟག་དཔྱད་བྱ་གཞི་བཅོ་བརྒྱད་གཏན་འབེབས་བྱས་ཏེ་གནས་ཚུལ་གསར་བ་ཚུར་སྣང་དང་གནད་དོན་གསར་བ་རྙེད་པ།   གྲོས་གཞི་གསརབ་འདོན་རྒྱུ་བརྩོན་ལེན་བྱས།   ཏང་ཡོན་ལས་བྱེད་པས་ལས་གནས་འགན་འཁྲིར་རྐང་བཙུགས་ཏེ་རང་འགུལ་སྒོས་བརྟག་དཔྱད་བྱ་གཞི་དང་ལེན་བྱས་པ་དང་།   བརྗོད་དོན་སློབ་གསོའི་བརྟག་དཔྱད་བྱ་བའི་འཆར་གཞིའི་དུས་ཚོད་ལྟར་བརྟག་དཔྱད་ཞིབ་འཇུག་གོ་རིམ་ལྡན་པར་སྤེལ།

                                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།