《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རྣམ་བཤད》སློབ་གཞི་པར་སྐྲུན་འགྲེམ་སྤེལ་བྱས།
2023.08.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་གཞི་དང་སློབ་ཁྲིད་ནང་འཇོག་རྒྱུར་སྔར་ལས་སྐུལ་འདེད་གཏོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་སྔར་ལས་དོན་འཁྱོལ་ཡག་པོ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སློབ་གསོ་པུའུ་དང་མཉམ་དུ《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རྣམ་བཤད》རྩོམ་སྒྲིག་བྱས། བསླབ་གཞི་དེ་ནི་མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་པར་སྐྲུན་བྱས་ནས་ཚེས་ཉེར་བརྒྱད་ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀྲམས་པ་རེད།

《རྣམ་བཤད》དེ་ནི་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་རྒྱས་བཤད་བྱས་པའི་གཅིག་གྱུར་རྩོམ་སྒྲིག་གི་སློབ་གཞི་ཞིག་དང་།མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་དབང་གྲགས་ལྡན་པའི་དཔེ་དེབ་ཅིག ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སློབ་གཞི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་བཅས་རེད། 《རྣམ་བཤད》རྩོམ་སྒྲིག་དཔེ་སྐྲུན་དང་བེད་སྤྱོད་བྱས་པ་དེས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ཏེ་ན་གཞོན་སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་བཙུགས་ཏེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་འཁུར་བའི་དུས་རབས་ཀྱི་མི་རབས་གསར་བར་ཧུར་ཐག་གིས་འགྱུར་བར་བྱ་རྒྱུར་ཁྲིད་སྟོན་བྱེད་པར་དོན་སྙིང་གལ་ཆེན་ལྡན།

《རྣམ་བཤད》དེ་ནི་གླེང་གཞི་དང་ལེའུ་བཅུ་བདུན་གྱིས་གྲུབ་པ་ཞིག་ཡིན་ལ། དེའི་ནང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཁྱོན་ཡོངས་ནས་མཚོན་པ་དང་། དུས་རབས་གསར་བའི་རླབས་ཆེན་གྱི་ལག་ལེན་དང་རླབས་ཆེན་གྱི་འཕོ་འགྱུར་མཚོན་ལ། རིག་གཞུང་ལས་རིགས་ཀྱི་ཐུན་མོང་ངོས་འཛིན་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་མཚོན་ཡོད། 《རྣམ་བཤད》དེའི་ནང་དུ་སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་དང་སློབ་ཁྲིད་ཀྱི་ཁ་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཞོན་ནུ་སློབ་མ་ཚོའི་ཤེས་རྟོགས་ཀྱི་ཁྱད་ཆོས་དང་དང་ལེན་བྱེད་པའི་གོམས་གཤིས་དང་ཉེ་བཅར་བྱ་རྒྱུར་དོ་སྣང་ཆེན་པོ་བྱས་ཡོད་པ་དེའི་ཐོག་ནས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱིས་མི་སྣ་གསོ་སྐྱོང་བྱེད་པའི་བླང་བྱ་མཚོན་ཡོད་པ་རེད། སློབ་གཞི་འབྲི་བའི་བརྒྱུད་རིམ་ཁྲོད་དུ་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་ཆེད་མཁས་པ་དང་འཐབ་ཕྱོགས་དང་པོ་ན་ཡོད་པའི་གཞོན་དར་རྐང་འཛིན་དགེ་རྒན་ཡོངས་ཁྱབ་ངང་ཞུགས་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་གཞུང་སྒྲུབ་ཁང་གིས་ཞིབ་ཕྲའི་སྒྲིག་འཛུགས་ལས་དོན་གྱི་འགན་འཁུར་ཡོད།