རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཧི་ཐའོ་ཧྲིན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་ཧྲིན་ཀྲིན་གླིང་ཁུལ་འཕེལ་རྒྱས་ཀྱི་འཆར་འགོད》པར་འགྲེམས་བྱས།
2023.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཧི་ཐའོ་ཧྲིན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་ཧྲིན་ཀྲིན་གླིང་ཁུལ་གྱི་འཕེལ་རྒྱས་འཆར་འགོད》པར་འགྲེམས་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཧི་ཐའོ་ཧྲིན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་ཧྲིན་ཀྲིན་གླིང་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རང་འགུལ་ངང་ཞང་ཀང་གླིང་ཁུལ་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་བྱེད་པ་དང་ལེགས་ཆ་གསབ་རེས་ཧུར་ཐག་བྱས་ནས། ཀོང་ཏུང་དང་ཞང་ཀང་། ཨོ་མིན་མཚོ་ཁུགས་ཆེན་མོའི་ཁུལ་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་ནས། ཀོང་ཏུང་དང་ཞང་ཀང་། ཨོ་མིན་མཚོ་ཁུགས་ཆེན་མོའི་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་དགོས་པའི་བླང་བྱ་བཏོན།

《འཆར་འགོད》ལས་ཕྱོགས་བཞིའི་ཐད་ནས་ལས་འགན་གཙོ་བོར་བཀོད་སྒྲིག་བྱས་ཡོད་དེ། གཅིག་ནས་ཞང་ཀང་དང་མཉམ་དུ་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་རྒྱལ་སྤྱིའི་སྟེང་འགྲན་རྩོད་ནུས་པ་ཡོད་པའི་ཐོན་ལས་ཀྱི་ཁྲོད་དུ་ཚོད་ལྟ་ཚུལ་སྒྱུར་རྟེན་གཞི་འཛུགས་དགོས། གསུམ་ནས་རྒྱལ་སྤྱི་ཅན་གྱི་ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་དགོས། བཞི་ནས་འཛམ་གླིང་གི་བློ་གྲོས་གཅིག་འདུས་ཀྱི་ཚན་རྩལ་མཉམ་ལས་ལས་སྟེགས་བསྐྲུན་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།