ཞིང་ཆེན་ཁྲིམས་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།   བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད།   ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དཔུང་སྡེའི་འཛུགས་སྐྲུན་གྱི་འགག་གནད་དང་དཀའ་གནད་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་དང་འཕེལ་རྒྱས་ལ་སྐུལ་འདེད།   ལྟ་ཞིབ་ལེགས་བཅོས་བཅས་མཉམ་བསྲེས་བྱས་པ་དང་།   དག་སྲུང་གསར་གཏོད་དང་ལག་ལེན་དུ་བསྟར་ཕོད་པར་བྱས་ནས་རྒྱུན་རྣམ་ཅན་གྱི་ཁྲིམས་དཔོན་འདེམས་སྒྲུག་ལམ་ལུགས་འཐུས་ཚང་དུ་བཏང་བར་མ་ཟད།   མི་གྲངས་ལེགས་སྒྲིག་ནང་རྐྱེན་འཚོལ་ཞིབ་བྱས་ཏེ་བཙུགས་ལ།   འདེམས་སྒྲུག་སྲིད་ཇུས་འོས་འཚམ་སྒོས་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྲིམས་དཔོན་འདེམས་སྒྲུག་གི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད།

མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་དཔོན་འདེམས་སྒྲུག་བྱེད་ཐབས་ཚོད་ལྟའི་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་།  ཉིས་སྟོང་བཅུ་དགུ་ལོར་ཁྲིམས་དཔོན་བཅའ་ཁྲིམས་བཟོ་བཅོས་བྱས་རྗེས།  ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྔོན་གྱི་ཁྲིམས་དཔོན་འདེམས་སྒྲུག་བྱེད་ཐབས་བཟོ་བཅོས་བྱས་ཏེ་སྔར་ལས་འཐུས་ཚང་དུ་བཏང་བར་མ་ཟད།  ཉིས་སྟོང་ཉེར་གཅིག་ལོའི་སྐོར་ཐེངས་ལྔ་བའི་ཁྲིམས་དཔོན་འདེམས་སྒྲུག་བྱ་བའི་ཁྲོད་དུ།    གསར་དུ་འགན་ཁུར་བའི་ཁྲིམས་དཔོན་གཞི་རིམ་མི་དམངས་ཁྲིམས་ཁང་གི་མི་གྲངས་སུ་ཚུད་པའི་སྲིད་ཇུས་ཐོག་མར་དོན་འཁྱོལ་བྱས།    རིམ་གསབ་ནང་རྐྱེན་བཙུགས་ཏེ་ལོ་དེའི་ལོ་མཇུག་ཏུ་ལས་འཁྱུར་ངལ་གསོ་བྱས་པའི་ཁྲིམས་དཔོན་གྱི་གྲངས་འབོར་ལྟར་རིམ་གསབ་འོས་མི་བཀོད་སྒྲིག་བྱེད་པ་དང་།   ཐེངས་རྗེས་མའི་འདེམས་སྒྲུག་བྱ་བ་འགོ་མ་བརྩམ་གོང་དུ།  ཁྲིམས་དཔོན་གྱི་མི་གྲངས་ལོངས་མེད་པའི་ཁྲིམས་ཁང་གིས་ཐད་ཀར་རིམ་གསབ་འོས་མིའི་ཁྲོད་འདེམ་སྒུག་པ་འོས་སྦྱོར་བྱས་ཆོག་ལ།   དཔྱད་ཞིབ་བྱས་རྗེས་ཞིང་ཆེན་ཁྲིམས་ཁང་གི་ཞིབ་བཤེར་ཆོག་མཆན་བརྒྱུད་དེ་ཐད་ཀར་ལས་འགན་ཁུར་བའི་འགྲོ་ལུགས་སྒྲུབ་ཆོག

ཞིང་ཆེན་ཁྲིམས་ཁང་གིས་མི་བཀོལ་དགོས་མཁོ་ལྟར་ཡིག་ཐོག་རེ་ཞུ་བྱེད་དགོས་པ་དང་།    ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་མི་གྲངས་མི་འདང་བའི་གནས་ཚུལ་ལྟར་རིམ་གསབ་བྱས་ཆོག

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་མི་སྣའི་སྒྲིག་ཁུངས་ལ་འགྱུར་ལྡོག་ཆེན་པོ་བྱུང་མེད་པ་དང་གྱོད་གཞི་ཇེ་མང་དུ་སོང་བ་སོགས་ཀྱི་འབུར་ཐོན་གནད་དོན་ལ་ཁ་གཏད་འཇལ་ཆེད།  ཞིང་ཆེན་ཁྲིམས་ཁང་གིས་སྤྱི་འབོར་ཚོད་འཛིན་དང་གྱོད་གཞི་ལྟར་མི་སྣ་གཏན་འཁེལ་བྱེད་པ།   འགུལ་རྣམ་ལེགས་སྒྲིག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་།   མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་དཔོན་མི་གྲངས་འགུལ་རྣམ་ལེགས་སྒྲིག་བྱེད་ཐབས་ཀྱི་ཚོད་ལྟའི་ལག་ལེན་ཞིབ་འཇུག་བྱས་ཏེ་ཕྱིར་བཏོན་ནས་ཚོད་རྩིས་ཀྱི་ཚན་རིག་རང་བཞིན་ཇེ་དྲག་ཏུ་བཏང་།   ཁྲིམས་དཔོན་གྱི་གྲངས་ཀ་བཀོད་སྒྲིག་བྱེད་རྒྱུ་དེ་གཞི་རིམ་དང་གྱོད་གཞི་སྒྲུབ་པའི་འཐབ་ཕྱོགས་དང་པོར་ཕྱོགས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཅིག་ནས་བཅད་གྲངས་ལམ་ལུགས་ལག་བསྟར་བྱེད་པའི་ཁྲིམས་ཁང་བདུན་ནས་བཅུ་བཞིར་ཇེ་མང་དུ་བཏང་ནས་མི་སྣའི་སྒྲིག་ཁུངས་ཉུང་བའི་ཁྲིམས་ཁང་ལའང་མི་གྲངས་འདང་ངེས་ཡོད་པར་བྱས་པ་དང་།   ཕྱོགས་གཞན་ཞིག་ནས་ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན་གྲངས་ཀའི་བསྡུར་ཚད་བརྒྱ་ཆའི་སོ་དགུ་ནས་བརྒྱ་ཆའི་ཉེར་བརྒྱད་ལ་ཇེ་ཉུང་དུ་བཏང་སྟེ་མི་གྲངས་ལྷག་མ་ཡོད་ཚད་གཞི་རིམ་དུ་བཀོད་སྒྲིག་བྱས།

                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།