ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ།
2023.09.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ད་ལོར།   ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བརྩིས་ནས་འཚམས་འདྲི་ཆེན་པོ་དང་རྟོག་ཞིབ་ཆེན་པོ།   ཞིབ་བཤེར་ཆེན་པོ།  མཁྲེགས་གཏོར་ཆེན་པོ་བཅས་ཀྱི་བྱ་བའི་འབྲེལ་ཡོད་བླང་བྱར་ཟུང་འབྲེལ་བྱས་ནས་ཁྱབ་ཁོངས་སོ་སོའི་རྩ་འཛུགས་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་ཇུས་གཞི་པར་འགྲེམ་བྱས་ཏེ་བརྟག་དཔྱད་བྱ་གཞི་ཉེར་དགུ་གཏན་འབེབས་ལེགས་སྒྲིག་བྱས་པ་དང་།   ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་སྔ་གཞུག་ཏུ་ཞིང་ཆེན་ཐད་གཏོགས་སྡེ་ཁག་དྲུག་ཏུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་དཀའ་གནད་ཐག་བཅད་པ་དང་།   གཞི་རིམ་ལས་བྱེད་མང་ཚོགས་བརྒྱ་དང་བཞི་བཅུ་དང་བཞུགས་མོལ་བརྗེ་རེས་བྱས་ཏེ་གནད་དོན་སོ་བདུན་བཙལ།   རྟོག་ཞིབ་ཚན་ཆུང་དགུ་བཙུགས་ཏེ་ཆེད་དོན་རྟོག་ཞིབ་བྱས་ནས་གནད་དོན་ང་བདུན་རྙེད་པ་དང་བྱ་བའི་བྱེད་ཐབས་ཞེ་བདུན་བཏོན།

མཚོ་སྔོན་གྱི་རྩ་འཛུགས་བྱ་བའི་གཙོ་གནད་དང་དཀའ་གནད་གཅིག་བསྡུས་བྱས་པ་དང་། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བར་དམིགས་ནས་བོད་འབྲེལ་ས་ཁུལ་གྱི་གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དེ་ཞིབ་འཇུག་བྱ་གཞིར་གཏན་འཁེལ་བྱས་པ་དང་།   བོད་འབྲེལ་ཁུལ་དྲུག་དང་དེ་མིན་རྫོང་དང་ཡུལ་ཚོ། སྡེ་བ་ཁ་ཤས།  རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་གཙོ་བོ་བཅུ་གསུམ་དུ་ཟབ་ཞུགས་བྱས་ནས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ་ཕྱོགས་ལྔའི་ཐད་ཀྱི་ཞིབ་ཕྲའི་བྱེད་ཐབས་བཅོ་བརྒྱད་བཏོན།

མིག་སྔར།   པུའུ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བརྟག་དཔྱད་སྙན་ཞུ་གྲུབ་པར་བྱས་པ་དང་།    བརྟག་དཔྱད་གྲུབ་འབྲས་ཉེར་བདུན་གཞན་སྒྱུར་བྱས་ཏེ་ནུས་ཡོད་ཀྱི་ལམ་ལུགས་ནང་རྐྱེན་བཙུགས་ཏེ་འཐུས་ཚང་དུ་བཏང་བ་དང་།    སྒྲིག་གཞིའི་ནང་རྐྱེན་གྱིས་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ལ་སྐུལ་འདེད་གཏོང་བར་འགན་སྲུང་བྱས།

                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།