མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་གཙོ་བོའི་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱས།
2023.09.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དམངས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་ཚན་ཆུང་བཙུགས་ནས། ཡུལ་དངོས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་འཁྱག་འབྲེལ་དངོས་སྐྱེལ་ཐོན་ལས་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱས།

ལྟ་སྐུལ་ཚན་ཆུང་གི་སྔ་གཞུག་ཏུ་ཡུལ་དངོས་ནས་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཧུའེ་ཧྥིན་འཁྱག་འབྲེལ་དངོས་སྐྱེལ་མ་རྐང་ཚད་ཡོད་ཀུང་ཟི། མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ལྟེ་གནས་སོགས་གཙོ་གནད་ལྟ་སྐུལ་ལས་གཞི་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་ནས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ལ། འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས་པར་མ་ཟད། དེའི་ཐད་གནས་པའི་གནད་དོན་ལ་ཡུལ་དངོས་ནས་ཞིབ་འཇུག་བྱས།

ལྟ་སྐུལ་ཚན་ཆུང་གིས་བསྟན་དོན། འཐུས་མིའི་གྲོས་གཞི་བཟང་བོར་བསྒྲུབ་རྒྱུ་ནི། འགན་སྒྲུབ་སྡེ་ཁག་སོ་སོའི་ཁྲིམས་བཀོད་འགན་འཁྲི་དང་འོས་འགན་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། འཐུས་མིའི་གྲོས་གཞི་འདོན་པ་དང་བསྒྲུབ་པར་སྤྲོད་པ། སྒྲུབ་འགན་ཁུར་བ། བསྒྲུབ་པར་ལྟ་སྐུལ་བྱེད་པ་སོགས་ཀྱི་དུས་རིམ་སོ་སོ་རུ་ཤུགས་འདོན་པ། འཐུས་མིའི་གྲོས་གཞི་བྱ་བའི་ཐད་ནས་ཤུགས་ལྡན་པ་དང་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། མང་ཚོགས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། དམངས་ཚིས་ལ་ཕན་འདོགས་པར་ཁག་ཐེག་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་འཐུས་མིའི་གྲོས་གཞི་བསྒྲུབ་པར་ལྟ་སྐུལ་བྱེད་པར་བརྟེན་ནས་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་དགོས། གཙོ་གནད་དང་དཀའ་གནད་གཙིགས་སུ་འཛིན་པ་དང་། དམངས་ཆེན་འཐུས་མིའི་གྲོས་གཞི་རྩ་ཆེན་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་གཙིགས་སུ་འཛིན་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། འབུར་ཐོན་གནད་དོན་ཐག་བཅད་དེ། རང་ཞིང་གི་འཁྱག་འབྲེལ་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དམ་འཛིན་བྱེད་པར་མ་ཟད། དེ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་དགོས། ལེའུ་རྗེས་མའི་རྩོམ་ཡིག་བཟང་བོར་འབྲི་བ་དང་། ཆེས་ཆེར་གསུམ་གྱི་ཞིང་ཆེན་གྱི་ངེས་གཏན་ལ་རྐང་འཛུགས་པ། ཐོན་ཁུངས་དང་ཐོན་ལས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། མཁར་གྲོང་སྡོད་དམངས་ལ་གཅིག་འདོམས་དང་ཕྱོགས་ཡོངས་ལྟ་རྟོག་བྱེད་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པ། འབྲེལ་ཐག་ཧྲིལ་བོ་དང་དྲ་རྒྱ་ཅན། ཚད་གཞི་ནན་མོ། ཁུངས་སྣེ་འཚོལ་ཆོག་པ། ལས་ཆོད་མཐོ་བའི་འཁྱག་འབྲེལ་དངོས་སྐྱེལ་མ་ལག་འཛུགས་སྐྲུན་བྱས་ནས། དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་རང་ཞིང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་འཁྱག་འབྲེལ་དངོས་སྐྱེལ་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།