ཞི་ཅིན་ཕིང་གིས་རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2023.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་དགུ་པའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས་པར་མ་ཟད། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྒྱལ་སྲུང་ཚན་རྩལ་སློབ་ཆེན་གྱིས་སློབ་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བ་དེ་འགོ་རྩོམ་ས་གསར་པར་བརྩིས་ནས། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་འཐབ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཛམ་གླིང་དམག་དོན་དང་ཚན་རྩལ་གྱི་མདུན་ཕྱོགས་ལ་ཁ་ཕྱོགས་པ་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་བྱེད་པ། དུས་རབས་ཀྱི་འགན་འཁྲི་ལྕི་མོ་ཕྲག་སྟེང་དུ་འཁུར་ཕོད་པ། བློ་བརྟན་འགྱུར་མེད་ངང་གསར་གཏོད་ཡར་བརྩོན་བྱེད་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དམག་དོན་འཇོན་མི་གསར་པ་གསོ་སྐྱོང་བྱེད་པ། རྒྱལ་སྲུང་ཚན་རྩལ་གྱི་རང་བརྟེན་གསར་གཏོད་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་དང་འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་བསྐྲུན་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།