ཀྲའོ་ལི་ཅི་ཡིས་པེ་ཉིང་གི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་གཅིག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ། པེ་ཉིང་གི་ཙུང་ཐུང་ཐཱ་ལུང་དང་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་པེ་ཉིང་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གི་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། སང་ཉིན་སྐུ་ཞབས་ཙུང་ཐུང་གདན་དྲངས་པ་ལྟར་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་རྩེ་ཚོགས་ལ་ཞུགས་རྒྱུ་ཡིན་པ་དེའི་སྟེང་ནས། རྒྱལ་ཁབ་གཉིས་ཀའི་དངོས་གཉེར་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་པ་མཚོན་ཐུབ་ལ། ཕྱོགས་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ངེས་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་པེ་ཉིང་རྒྱལ་དམངས་གྲོས་ཚོགས་བར་གྱི་བརྗེ་རེས་འགྲོ་འོང་ལ་ཤུགས་བསྣན་ནས། དམངས་གཙོ་ཁྲིམས་སྐྱོང་འཛུགས་པའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་ཡག་པོ་ཞིག་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།

ཐཱ་ལུང་གིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱིན་ཡོད་ཅིང་། དེ་ནི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མའི་མིག་དཔེ་ཡིན། རྒྱལ་ཁབ་གཉིས་ཀས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་བཟུང་ནས། རང་ངོས་ཀྱི་དོན་དངོས་དང་འཚམ་པའི་དམངས་གཙོའི་ལམ་ལུགས་དང་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཕིན་ཆིན་ཧྭ་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།