བདེན་འཚོལ་དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅིའི་རྩོམ་ཡིག་གལ་ཆེན་སྤེལ།
2023.09.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་དགུ་པའི་ཚེས་གཅིག་ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་བདུན་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་ཅེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན།ཀྲུང་གོའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཀྲུང་ཧྭའི་དཔལ་ཡོན་རྒྱ་ཆེ་ཞིང་གཏིང་དཔག་དཀའ་བ་ཡིན། ཀྲུང་ཧྭའི་དཔལ་ཡོན་གྱི་ལོ་རྒྱུས་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་བྱས་པ་ཡིན་ན། གཞི་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་སྐུལ་འདེད་ནུས་ལྡན་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་བསྐྲུན་ཐུབ་པ་ཡིན། རྩོམ་ཡིག་ལས་བསྟན་དོན། “ཟུང་འབྲེལ་གཉིས”ནི་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་དང་། ཀྲུང་ཧྭའི་དཔལ་ཡོན་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྟངས་འཛིན་གཏིང་ཟབ་བྱས་པ་ཞིག་ཡིན་ཞིང་། གནད་དེའི་སྟེང་ནས་རང་རེའི་ཏང་གིས་ཀྲུང་གོའི་བགྲོད་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཐུབ་ལ། རང་རེའི་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། རང་རེའི་ཏང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཁྲོད་རིག་གནས་གསར་གཏོད་ཀྱི་རང་རྟོགས་རང་བཞིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བཅས་མངོན་པར་མཚོན་ཡོད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་རྒྱུན་འཛིན་ཡག་ཤོས་ནི་ལོ་རྒྱུས་གསར་པ་བསྐྲུན་པ་དེ་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་ལ་གུས་བཀུར་ཞུ་སྟངས་ཆེ་ཤོས་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་བསྐྲུན་རྒྱུ་དེ་ཡིན། མཉམ་དུ་འབད་བརྩོན་ཆེན་པོས་ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་གསར་གཏོད་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཀྱི་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།