མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས2023ལོའི་དཔྱིད་དུས་ཀྱི་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས།
2023.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་པའི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས2023ལོའི་དཔྱིད་དུས་ཀྱི་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཀྲའོ་ཡུའེ་ཞ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀླད་པར་དྲག་ཆས་སྤྲས་ནས་དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་ཏང་གི་འགན་འཁྲི་ལས་འགན་ཕྲག་ཏུ་ལེན་པ་རྒྱུན་འཁྱོངས་བྱེད་པའི་ཐད་ནས་བརྗོད་དོན་གཏམ་བཤད་བྱས།

གཏམ་བཤད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་འཆར་འགོད་མངོན་འགྱུར་བྱེད་པའི་ཚན་རིག་གི་མཛུབ་ཁྲིད་དང་རྩ་བའི་གཞི་འཛིན་ས་ཡིན་ལ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་གི་དཀའ་ཁག་སྣ་ཚོགས་དང་ཉེན་ཁ་དང་འགྲན་རྩོད་ཁྲོད་རྒྱལ་ཁ་ལེན་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་སྟེང་རིག་གསལ་བློ་བརྟན་བྱེད་པའི་བྲེལ་མྱུར་གྱི་དགོས་མཁོ་རྒྱུན་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། བྱ་བ་སྒྲུབ་འདོད་པའི་སྒུལ་ཤུགས་དང་སྒྲུབ་ཕོད་པའི་སྤོབས་པ། སྒྲུབ་ཤེས་པའི་ནུས་པ་ཇེ་མཐོར་བཏང་སྟེ། བརྟན་བརླིང་གི་འགུལ་སྐྱོད་དང་དོན་དངོས་ཀྱི་ལས་འབྲས་ལ་བརྟེན་ནས་ཏང་ལ་བློ་དཀར་བ་མངོན་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པ་དང་། ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག་སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་སྟེང་ཤུགས་བཏོན་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་ཀྱིས་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་དཀའ་ཁག་སེལ་བ་རྒྱུན་འཁྱོངས་བྱེད་དགོས། གཞུང་ལུགས་ཀྱིས་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པའི་ཕུལ་བྱུང་སློབ་སྲོལ་དར་སྤེལ་གཏོང་བ་དང་། ཏང་གཤིས་སྦྱོང་བརྡར་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ། ནུས་པ་འཇོན་ཐང་མཐོར་འདེགས་གཏོང་བ། སྤྱོད་ཚུལ་བཟང་བོ་སྦྱོང་བརྡར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་ཡུལ་གྱི་འཇིག་རྟེན་ལ་བསྒྱུར་བཀོད་བྱེད་པའི་བསམ་བློའི་དྲག་ཆས་ཆེན་པོར་བསྒྱུར་དགོས།

རིན་ཆེན་མཚོས་བསྒྱུར།