ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ་སྤྱི་ཚོགས་ཉེན་ཚབ་སྒྲུབ་པའི་སྲོལ་ཡིག་ཁྱབ་བསྒྲགས་བྱས།
2023.09.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ། སྤྱི་ཚོགས་ཉེན་ཚབ་སྒྲུབ་པའི་སྲོལ་ཡིག་ཁྱབ་བསྒྲགས་བྱས་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

སྲོལ་ཡིག་དེས་སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས་ལ་དམ་པོར་དམིགས་ཏེ་སྲོལ་ཡིག་གི་ལེགས་སྒྲིག་ཁྱབ་ཁོངས་གཏན་འཁེལ་གསལ་བོ་བྱས་ཡོད། གཞི་རྩའི་རྒན་གསོའི་ཉེན་ཚབ་དང་གཞི་རྩའི་སྨན་བཅོས་ཉེན་ཚབ། གཞུང་དོན་དུ་རྨས་སྐྱོན་ཕོག་པའི་ཉེན་ཚབ། ལས་ཤོར་ཉེན་ཚབ། བུ་བཙའི་ཉེན་ཚབ་སོགས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཉེན་ཚབ་བསྒྲུབ་པར་སྲོལ་ཡིག་འདི་འཚམ་པར་གཏན་འཁེལ་བྱས་ཡོད། སྒྲུབ་པའི་ལས་ཁུངས་ཀྱི་འགན་ཁྲི་གཏན་འཁེལ་གསལ་བོ་བྱས་པ་དང་ཞབས་ཞུའི་དོ་དམ་ལྟ་རྟོག་ཇེ་དྲག་བཏང་ཡོད། བདེན་དཔང་རྒྱུ་ཆ་ཇེ་ཉུང་དུ་གཏོང་བ་དང་འགྲོ་ལུགས་སྒྲུབ་པའི་ཡུན་ཚད་ཇེ་ཐུང་དུ་གཏོང་བ་གསལ་བོ་བྱས་ཡོད་ལ། དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལྟ་རྟོག་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་གསལ་བོ་བྱས་ཡོད། བཅའ་ཁྲིམས་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ནས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱེད་པར་བསྟན་ཡོད། སྤྱི་ཚོགས་ཀྱི་ཉེན་ཚབ་མ་དངུལ་གཡོ་ལེན་བྱེད་པ་དང་། སྤྱི་ཚོགས་ཀྱི་ཉེན་ཚབ་མ་དངུལ་སྦ་གསང་དང་གཞན་བཀོལ། བདག་བཟུང་བྱེད་པའམ་ཡང་ན་གཏན་འཁེལ་དང་འགལ་བའི་དངུལ་གཏོང་ཚོང་གཉེར་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་དགོས་ངེས་ཀྱི་བཅའ་ཁྲིམས་འགན་འཁྲི་གཏན་འཁེལ་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།