ཀྲུའུ་ཞི་ཞི་ཅིན་ཕིང་གི་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་སྟེང་གི་བརྙན་རིས་ཞུ་ཚིག་ལ་ཚུར་སྣང་ཆེན་པོ་བྱུང་།
2023.09.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 36

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་སྟེང་གི་བརྙན་རིས་ཞུ་ཚིག་ལ་ཚུར་སྣང་ཆེན་པོ་བྱུང་། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཞུ་ཚིག་ལས་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་གི་འཕེལ་རྒྱས་གནས་བབ་རྒྱས་འགྲེལ་ཟབ་མོ་བྱས་པ་དང་། སྒོ་འབྱེད་དང་མཉམ་ལས། གསར་གཏོད། མཉམ་སྤྱོད་སོགས་ཕྱོགས་བཞི་ནས་ཞབས་ཞུའི་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན་ཡོད་ལ། ཀྲུང་གོས་རྒྱུན་མཐུད་སྒོ་འབྱེད་རྒྱ་བསྐྱེད་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་མ་འོངས་མཉམ་རྒྱལ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་གི་མྱུར་ཚད་མགྱོགས་པའི་སྐབས་ཡིན་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་ཞན་པར་མངོན། ཞབས་ཞུའི་ཉོ་ཚོང་ནི་རྒྱལ་སྤྱིའི་ཉོ་ཚོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཞབས་ཞུའི་ལས་རིགས་ནི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་རེད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་སྒོ་འབྱེད་མཉམ་ལས་ལ་གོ་སྐབས་གསར་བ་བསྐྲུན་རྒྱུ་ཡིན།

ང་ཚོས་སྔར་ལས་སྒོ་འབྱེད་དཀྱེལ་ཡངས་ཀྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་རྒྱུ་ཡིན། འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་ཚད་གཞི་མཐོན་པོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་དྲ་རྒྱ་རྒྱ་བསྐྱེད་དེ། གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་སྒོ་འབྱེད་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པར་སྐུལ་འདེད་བཏང་ཡོད།

འཛམ་གླིང་དཔལ་འབྱོར་དེ་སྒོ་འབྱེད་བྱས་ན་དར་བ་དང་བཀག་རྒྱ་བསྡམ་ན་ཉམས་རྒུད་དུ་འགྲོ་སྲིད། ང་ཚོས་མཉམ་དུ་ཐོབ་དཀའ་བའི་རང་དབང་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་མཉམ་སྤྱོད་བྱས་ནས། འཛམ་གླིང་གི་སྔར་ལས་མཛེས་སྡུག་དང་དར་རྒྱས་ཀྱི་མ་འོངས་པ་གསར་སྐྲུན་བྱེད་པར་མཉམ་དུ་འབད་བརྩོན་བྱེད་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།