ཚན་རིག་ལག་རྩལ་པུའུ་ཡིས་རྩ་འཛུགས་སྒོས་རྩོམ་སྒྲིག་བྱས་པའི 《ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས》ཞེས་པའི་དཔེ་དེབ་དེ། ཉེ་ལམ། མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
དེབ་འདིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཆེད་དོན་དགར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དུས་རབས་ཀྱི་རྒྱབ་ལྗོངས་དང་བསམ་བློའི་འཕེལ་རིམ། ནང་སྙིང་། དོན་སྙིང་གལ་ཆེན། ལག་ལེན་གྱི་བླང་བྱ་བཅས་ལ་མ་ལག་དང་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་དང་འཛམ་གླིང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བའི་ངོས་ནས། གསར་གཏོད་བྱ་རྒྱུ་དེ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་སྟེང་བཞག་ནས། ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་གནང་བར་མ་ཟད། འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པ་དངོས་སུ་བཏོན་ནས། ཚན་རྩལ་འཕེལ་རྒྱས་དང་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་གང་ལེགས་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ལོ་རྒྱུས་ཀྱི་གཏན་ཚིགས། དངོས་ཡོད་ཀྱི་གཏན་ཚིགས་བཅས་གསལ་སྟོན་གཏིང་ཟབ་གནང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་ཚན་རྩལ་ལྟ་བའི་བསམ་ཕྱོགས་གསར་བ་བསྐྲུན་ལ། དེར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། རྩ་འཛིན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དེ་ནི་དུས་རབས་གསར་བར་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་གང་མགྱོགས་བྱེད་པ་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་གཏོད་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་བཅས་བྱེད་པའི་རྩ་བའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།