ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2023.09.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དགུ་པའི་ཚེས་བཞི་ཉིན།   ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས་ནས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།   ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན།   བརྒྱད་པའི་སོ་གཅིག་ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་ནས་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་ཟབ་སྒྱུར་དང་ནང་སྒྱུར། གཞན་སྒྱུར་བྱེད་དགོས་པ་དང་།    འགུལ་སྐྱོད་དངོས་ལ་བརྟེན་ནས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ཐུབ་པར་བྱེད་དགོས།    ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་།  མིག་སྔའི་རིགས་སོ་སོའི་ལས་འགན་གཙོ་བོ་དམ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་ནས་ནན་གྱིས་བསྟན་དོན།    བློ་མཐུན་ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་བཟང་བོ་བྱེད་དགོས་པ་དང་།   སྲིད་གྲོས་བྱ་བའི་བཀོད་སྒྲིག་གསར་བ་དང་བྱེད་ཐབས་གསར་བ།   བླང་བྱ་གསར་བ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་ལ།    ཆབ་སྲིད་ལས་གནས་མཐོར་འདེགས་གཏོང་བ་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ།   མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་དོན་འཁྱོལ་དམ་འཛིན་བྱེད་དགོས་པར་མ་ཟད།    སྲིད་གྲོས་ལས་ཁུངས་ཀྱི་ཞབས་ཞུ་གསུམ་གྱི་འགན་ནུས་ཇེ་དྲག་ཏུ་གཏོང་རྒྱུ་དམ་འཛིན་བྱེད་སར་བྱས་ཏེ་སེམས་ཤུགས་གཅིག་བསྡུས་ཀྱིས་ཞབས་ཞུའི་འགན་སྲུང་བཟང་བོར་སྒྲུབ་པ་དང་སྲིད་གྲོས་ལས་ཁུངས་ཀྱི་བྱ་བ་སོ་སོར་རྒྱུན་ཆད་མེད་པར་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ་སྲིད་གྲོས་ལས་ཁུངས་བྱ་བའི་གསར་གཏོད་འཕེལ་རྒྱས་དང་སྤུས་འདེགས་ནུས་སྤེལ་གྱི་རྣམ་པ་གསར་བ་བསྐྲུན་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས།    གྲོས་ཚོགས་ནས་ནན་གྱིས་བསྟན་དོན།    ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱེད་པ།   ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱེད་པ།    ཏང་འཛུགས་སྐྲུན་གྱི་བྱ་བ་སོ་སོ་ནུས་ལྡན་སྒོས་དོན་འཁྱོལ་བྱེད་པར་སྐུལ་འདེད་ནན་མོ་གཏོང་བ།    ཏང་ཡོན་ལས་བྱེད་པའི་ནུས་པ་དང་སྤྱོད་ཚུལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ།   ཏང་འཛུགས་ལ་བརྟེན་ནས་དཔུང་སྡེ་དམ་འཛིན་བྱེད་པ་དང་ཏང་འཛུགས་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བའི་རྣམ་པ་བཟང་བོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་དགོས།

གྲོས་ཚོགས་སྟེང་བརྗོད་དོན་སློབ་གསོའི་ནང་དོན་ལ་གཅིག་བསྡུས་སློབ་སྦྱོང་བྱས་པ་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།    འབྲེལ་ཡོད་དོན་དག་ལ་ཉན་པ་དང་གྲོས་ཞིབ་བྱས།

ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་ཝང་ཞོན།  ཝང་ཀྲིན་ཁྲང་།   ཀྲང་ཞའོ་རོང་།   མཱ་ཧྥིན་ཧྲུན།  ལིས་ཞའོ་ནན།   ཐེན་ཁུའེ།   ལིའུ་ཏ་ཡེ།   མཱ་ཡོའེ་ཞང་།   ཕིན་ཡིའུ་ཏུང་བཅས་གྲོས་ཚོགས་ལ་ཞུགས།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།