ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆེད་དོན་རྒྱས་བཤད་བཏུས་བསྒྲིགས་ཞེས་པའི་མི་རིགས་སྐད་ཀྱི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.09.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 90

ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་གཞོགས་འདེགས་བྱེད་ཆེད། ཉེ་ལམ། ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ལ་མཛུབ་སྟོན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆེད་དོན་རྒྱས་བཤད་བཏུས་བསྒྲིགས་ཞེས་པའི། སོག་ཡིག་དང་བོད་ཡིག ཡུ་གུར་རིགས་ཀྱི་ཡི་གེ ཧ་སག་རིགས་ཀྱི་ཡི་གེ ཁྲའོ་ཞན་རིགས་ཀྱི་ཡི་གེ དབྱི་རིགས་ཀྱི་ཡི་གེ ཀྲོང་རིགས་ཀྱི་ཡི་གེ་བཅས་མི་རིགས་སྐད་ཡིག་བདུན་གྱི་པར་གཞི་ཡིག་སྒྱུར་ལས་དོན་ཡོངས་འགྲུབ་བྱས་པ་དང་། ཡོངས་འགྲུབ་བྱས་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

ཆེད་དོན་རྒྱས་བཤད་བཏུས་བསྒྲིགས་ཞེས་པའི་མི་རིགས་སྐད་ཀྱི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་དང་ལས་བྱེད་པས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཟབ་མོ་ལེན་པ་དང“འདུ་ཤེས་བཞི”སྔར་ལས་ཇེ་དྲག་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ཁྲོད་དུ་བེད་སྤྱོད་གང་ལེགས་བྱས་ནས། དགོངས་པ་འདི་ཉིད་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཏུ་འགྱུར་ཐུབ་ངེས་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།