ཟླ་དགུ་པའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དང་ཏུའུ་ལན་རྫོང་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་་ཡང་དག་དང་ཆ་ཚང་བ་བྱེད་པ། ཁྱད་ལྡན་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་གོང་འཕེལ་ཡག་པོ་གཏོང་བ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་བཏང་སྟེ། ཐོན་ལས་དར་སྤེལ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་སྣེ་ཁྲིད་བྱེད་དགོས།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དབུལ་སྐྱོར་ཐོན་ལས་ར་བ་དང་ཤེས་ཡོན་གྲོང་རྡལ་བོད་ལུག་ཁྲི་ཕྲག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི། ཏུའུ་ལན་རྫོང་ལིས་གྲོ་འདེབས་འཛུགས་རྟེན་གཞི། མཚོ་སྔོན་ཀའོ་ཡོན་ཅིན་ཧི་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི། པ་ལུང་ཡུལ་ཚོ་རྒྱལ་ལམ་དཔལ་འབྱོར་ཞབས་ཞུ་ཁུལ། ཏུའུ་ལན་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་ར་བ་བཅས་སུ། ཝུའུ་ཞའོ་ཅུན་ཞིང་ཁ་དང་ར་བའི་ཁུལ་གྱི་འཁོར་ཁང་ལ་སོང་ནས། ཡུལ་དངོས་ནས་སྐམ་ཤ་ལུག་ཤ་ལས་སྣོན་བྱེད་པ་དང་བཟའ་བྱའི་ཤ་མོའི་རིགས་ཀྱི་ཐོན་སྐྱེད་ཉོ་ཚོང་། ལིས་གྲོ་སྐྱེད་སྲིང་འདེགས་འཛུགས་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་གྱི་ཐོན་ལས་ལས་གཞི་ལག་བསྟར། འཕང་འབྲས་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་འཁོར་རྒྱུག་དང་ཉོ་ཚོང་ཚོང་རའི་ལས་གཞི་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། རིགས་མི་འདྲ་བའི་རྒྱུ་རྐྱེན་གཙོ་བོ་ཞིང་གསུམ་ཁྱབ་ཁོངས་སུ་གཅིག་བསྡུས་བྱེད་པར་སྐུལ་འདེད་བཏང་ནས། ཐོན་ལས་འཕེལ་རྒྱས་དེ་གྲོང་གསེབ་དར་སྤེལ་གྱི་འགོ་ཁུངས་བཞུར་ཆུ་རུ་འགྱུར་བར་བྱེད་དགོས། ཚན་རྩལ་གྱི་ནུས་པར་ཤུགས་སྣོན་པ་དང་། དེང་རབས་ཆ་འཕྲིན་ལག་རྩལ་དང་བྱེད་ཐབས་བེད་སྤྱོད་པ། དྲིལ་སྒྲོག་ངོ་སྤྲོད་བྱེད་ཤུགས་ཆེར་གཏོང་བ་། འདུ་ཤེས་གསར་གཏོད་དང་ལག་རྩལ་གསར་གཏོད། མ་དཔེ་གསར་གཏོད་ལ་སྐུལ་འདེད་གཏོང་བ། མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་རིན་ཐང་སྔོག་འདོན་བྱེད་པ། ཐོན་ལས་གདང་འདེགས་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་གཞི་ཁྱོན་ཅན་དང་ཚད་གཞི་ཅན། ཚོང་རྟགས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་རོགས་སྐྱོར་ཕན་ནུས་འདོན་སྤེལ་བྱས་ནས། ལས་སྐྲུན་དང་ལས་ཞུགས། ཡོང་སྒོ་སོགས་ཕྱོགས་ཀྱི་སྣེ་ཁྲིད་ཕན་ནུས་ཇེ་མཐོར་གཏོང་དགོས།
ཏུའུ་ལན་ཆུ་ཁོལ་བང་སོ་དང་ཏུའུ་ལན་རྫོང་རྟེན་མཛོད་གླིང་དུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་རིག་དངོས་སྲུང་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་དངོས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རིག་དངོས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱེད་པ། རིག་དངོས་སྲུང་སྐྱོབ་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་སྐུལ་འདེད་གཏོང་དགོས།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། སྡོད་ཁུལ་དུ་སོང་ནས་ལས་བྱེད་མི་སྣ་དང་བརྗེ་རེས་བྱས། ཁོས་ནན་གྱིས་བསྟན་དོན། སྡོད་ཁུལ་ནི་གཞི་རིམ་བཅོས་སྐྱོང་གི་གཙོ་གནད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མདུན་གྲས་ཡིན་པས། ཉམས་མྱོང་གསར་བ་དང་མ་དཔེ་གསར་བ་སྔར་ལས་མང་བོ་འཚོལ་ཞིབ་བྱེད་པ་དང་། ཞབས་ཞུ་དོ་དམ་ནུས་པ་ཇེ་དྲག་ཏུ་གཏོང་བ། སྡོད་དམངས་ཀྱི་འཚོ་བའི་ཞབས་ཞུ་དང་འཚོ་བར་དཀའ་ཁག་ཡོད་པའི་མི་ཚོགས་ཀྱི་འཚོ་བའི་འགན་སྲུང་སོགས་བྱ་བ་བཟང་བོར་སྒྲུབ་པ། དཀའ་གནད་སེལ་བ་དང་བྱ་བ་བཟང་བོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།