ལིས་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས།
2023.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧིན་རྡི་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟ་ཞིབ་པ་ཏུང་ཏིས་ཝུན་གྱི་མགོ་ཁྲིད་པ་དང་དེ་བཞིན་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཚོགས་འདུར་ཞུགས།

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧིན་རྡི་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟ་ཞིབ་པ་ཏུང་ཏིས་ཝུན་གྱི་མགོ་ཁྲིད་པ་དང་དེ་བཞིན་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཚོགས་འདུར་ཞུགས།

ལིས་ཆང་གིས་ཉིས་སྟོང་བཅུ་གསུམ་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡར་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས་ཞེས་པའི་བཞེད་དགོངས་བཏོན། ལོ་ངོ་བཅུ་ཡི་རིང་ལ། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་དུ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་བྱུང་བ་དང་། ཕྱོགས་གཉིས་ཀ་མཉམ་དུ་འཕེལ་རྒྱས་དར་རྒྱས་ཡོང་བའི་ཡང་དག་པའི་བགྲོད་ལམ་སྟེང་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཐུབ་ཡོད་ཅེས་གསུངས།

ལིས་ཆང་གིས་གཅིག་ནས་མཉམ་དུ་ལག་གདང་སྦྲེལ་ཏེ་དཔལ་འབྱོར་འཕར་སྣོན་གྱི་ལྟེ་གནས་བསྐྲུན་ནས། ཕན་ཚུན་བར་གྱི་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། ཐོན་ལས་ཕྲེང་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ནས་གསར་དར་ཐོན་ལས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ནུས་ཁུངས་གསར་པའི་རླངས་འཁོར་དང་ཉི་འོད་ནུས་པ། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། གསུམ་ནས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། “ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི”གྱོད་གཞིའི་ངོས་ཀྱི་གྲོས་ཞིབ་ལ་སྐུལ་འདེད་གང་ལེགས་བཏང་སྟེ། གློག་འཕྲིན་དང་དྲ་རྒྱའི་མགོ་གཡོག་མགོ་སྐོར་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཐད་ནས་མཉམ་ལས་བྱེད་རྒྱུ། བཞི་ནས་མཉམ་དུ་ལག་གདང་སྦྲེལ་ནས་མི་ཆོས་རིག་གནས་བརྗེ་རེས་བྱེད་རྒྱ་ཆེ་རུ་བཏང་སྟེ། རིག་གནས་དང་ཡུལ་སྐོར། ཟབ་སྦྱོང་། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱག་དགོས་ཞེས་དགོངས་འཆར་བཏོན།

ལིས་ཆང་གིས་ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་དང་རང་སྟོབས་རང་སྤེལ་གྱི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས། མཉམ་ལས་གཉིས་ཕན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡག་པོ་བསྐྲུན་འདོད་ཡོད་ཅེས་ནན་གྱིས་གསུངས།

ཚོགས་ཞུགས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་ཙུང་ལི་ལིས་ཆང་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བས་ས་ཁུལ་གྱི་མི་དམངས་ལ་ཕན་བདེ་ཆེན་པོ་བསྐྲུན་ནས། ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་བཏང་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཡོངས་ཀྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།