ཟླ་དགུ་པའི་ཚེས་དྲུག་ཉིན། རྒྱུན་འཛིན་དང་སྐྱེས་འབུལ། གསར་གཏོད་དེ་ཚན་རྩལ་སྔོན་རབས་པར་གུས་འདུད་ཞུ་བ་དང་། བློ་གྲོས་དང་ས་གནས་མཉམ་རྒྱལ་ཐད་ཤུགས་འདོན་པ་བརྗོད་སྙིང་དུ་བྱས་པའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་ཤེས་ཡོན་པའི་གླེང་སྟེགས་ཀྱི་གླེང་སྟེགས་གཙོ་བོ་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་མིན་ཆིན་ཧའེ་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་སྤྱི་ཚོགས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཀོང་ཕིང་གཉིས་གླེང་སྟེགས་ལ་ཞུགས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན། མིན་ཆིན་ཧའེ། ཅང་ཀོང་ཕིང་བཅས་ཀྱིས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་རྟེན་གཞིར་བདམས་པའི་ཝ་ལིས་ཀོན་ཀྲུང་གོའི་མཁའ་དབུགས་རྩིས་གཞི་གནམ་དཔྱད་ཁང་དང་། མཚོ་སྔོན་སློབ་ཆེན་གྱི་ཞིང་ཆེན་དང་པུའུ་ཡིས་མཉམ་འཛུགས་བྱེད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་རྒྱལ་ཁབ་ཚོད་ལྟ་ཁང་གཙོ་བོ། ཕན་ཐུང་བྱ་བའི་ཁང་། ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་ཚན་ཆུང་བཅས་ལ་མིང་བྱང་གནང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གི་གླིང་གཙོ་ཟུར་པ་ཧུའུ་སི་ཏི་དང་། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཞ་མིན་སློབ་ཆེན་རྫས་འགྱུར་བཟོ་ལས་སློབ་གླིང་གི་དགེ་རྒན་ཆེན་མོ་ཞེ་སུའུ་ཡོན་གཉིས་ཀྱིས་སྙན་ཞུ་ཕུལ། ཝ་ལིས་ཀོན་ཀྲུང་གོའི་མཁའ་དབུགས་རྩ་བའི་ཚད་གཞི་གནམ་དཔྱད་ཁང་རྩ་བའི་ཚད་གཞི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་འགོ་གཙོ་ཝང་ཅན་ཆུང་གིས་བརྗོད་དོན་གཏམ་བཤད་བྱས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མདེལ་གཉིས་སྐར་གཅིག་གི་ཉམས་མེད་མཛད་རྗེས་བསྐྲུན་པའི་རྒན་རབས་ཚན་རིག་པ་དང་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོར་བླ་མེད་ཀྱི་གུས་འདུད་ཞུས་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཡོན་ཧྲི་དང་ཆེད་མཁས་པ་དང་ན་གཞོན་ཤེས་ཡོན་པར་བཀའ་དྲིན་ཞུས། ཁོས་མདེལ་གཉིས་སྐར་གཅིག་སྙིང་སྟོབས་དེ་དུས་དང་བར་སྟོང་བརྒལ་ནས་ཡུན་རིང་གསར་སྒྱུར་བྱས་ལ། མི་རབས་མང་བོར་སྐུལ་སློང་བྱེད་ཀྱིན་ཡོད་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཡིན། ང་ཚོས་འོད་སྟོང་འབར་བའི་མཛད་རྗེས་བསྐྲུན་པའི་སྔོན་རབས་པར་རྗེས་དྲན་བྱེད་དགོས་པར་མ་ཟད་། ཏང་དང་མེས་རྒྱལ། མི་དམངས། མི་རིགས་བསྐྱར་དར་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པའི་མི་ཡོངས་ལ་བསྔགས་བརྗོད་བྱེད་དགོས། རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློ་གཅིག་གྱུར་དང་བློ་རྩ་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བྱེད་པ་དང་། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་སྐབས་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། རླབས་ཆེན་གྱི་མེས་རྒྱལ་ལ་བྱས་རྗེས་འཇོག་ན། རྒྱལ་གཅེས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་ལག་ལེན་ཁྲོད་ཞུགས་དགོས། མི་སྒེར་གྱི་འཚོལ་སྙེག་དང་རྒྱལ་ཁབ་ཀྱི་དགོས་མཁོ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ་དང་། དུས་རབས་ཀྱི་ཤུགས་མཐུད་དབྱུག་པ་ལག་ཏུ་ལེན་པ། དམར་པོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཁྲོད་རྒྱལ་གཅེས་ཀྱི་སེམས་པ་གྲུབ་པར་བྱེད་པ་དང་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་བློ་རྩ་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལག་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མེས་རྒྱལ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། རླབས་ཆེན་ལས་དོན་གསར་གཏོད་བྱེད་ན། ཚང་མས་མཉམ་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་རྒྱུའི་རེ་བ་བཅངས་ཡོད། དེ་རིང་གི་མཚོ་སྔོན་ལོ་རྒྱུས་སྟེང་གི་དུས་གང་རུང་དང་བསྡུར་ན་ཤེས་ལྡན་མི་སྣ་དེ་ལས་མཁོ་ལ། ཤེས་ལྡན་མི་སྣ་དེ་ལས་ཀྱང་སྐྱེད་སྲིང་བྱེད་ཐུབ། ཚང་མ་མཚོ་སྔོན་དུ་ཕེབས་ནས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ནས་གསར་གཏོད་ལས་སྐྲུན་གྱི་ངར་སེམས་ཆེར་བསྐྱེད་པ། གྲུབ་འབྲས་སྔར་ལས་མང་བོ་མཐོ་སྒང་ནས་བསྒྱུར་ཏེ། མཚོ་སྔོན་ནས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཐད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ལེན་ཐུབ་པར་བྱེད་དགོས།
མིན་ཆིན་ཧའེ་ཡིས་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཚབ་བྱས་ནས་གླེང་སྟེགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ནི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་འབྱུང་གནས་གཙོ་བོ་ཡིན་པ་དང་། སྤྲོ་སེམས་ཁེངས་པའི་ས་གཞི་འདིའི་སྟེང་། ཏིན་ཅ་ཞན་སོགས་འཐུས་ཚབ་ཡིན་པའི་ཚན་རིག་པ་སྐོར་ཞིག་གིས་དཀའ་ཁག་ལ་མ་སྐྲག་པ་དང་རང་སྲོག་ལ་མ་འཛེམས་པར་འབད་བརྩོན་བྱས་ལ། མི་སྒེར་གྱི་ཕུགས་འདུན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་རླབས་ཆེན་ལས་དོན་ཁྲོད་འདྲེས་པར་བྱས་ཏེ། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་ལོ་རྒྱུས་དེབ་ཐེར་དུ་བཀོད་ཆོག་པའི་བྱས་རྗེས་ཆེན་པོ་བཞག་པ་དང་། ཁོ་ཚོ་ནི་གཞུང་དོན་ཆེན་པོ་བསྒྲུབས་ཏེ་རང་གི་ཁེ་ཕན་དོར་བའི་མི་རིགས་ཀྱི་དཔའ་བོ་ཡིན། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་དཔལ་འབར་མཐོན་པོར་བསྒྲེང་བ་དང་། སྔོན་རབས་ཚན་རིག་པ་དང་ལྷག་པར་དུ་མདེལ་གཉིས་སྐར་གཅིག་གི་འོད་སྟོང་འབར་བའི་མཛད་རྗེས་ལ་མཉམ་དུ་སློབ་སྦྱོང་བྱེད་པ་དང་མྱོང་ཚོར་བྱེད་པ། རྒྱལ་དོན་གལ་ཆེན་སེམས་ལ་དམ་པོར་འཛིན་པ། དཔྱད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་སྟེང་བྲིས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཀྱི་གྲལ་འགོའི་དམག་བྱེད་དགོས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ནི་ཏང་དང་སྲིད་གཞུང་གིས་ཤེས་ལྡན་མི་སྣར་འབྲེལ་འདྲིས་བྱེད་པའི་ཟམ་ཐག་ལྟ་བུ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་། ཞབས་ཞུ་བཞིའི་འགན་འཁྲི་ངེས་གནས་སེམས་ལ་དམ་པོར་འཛིན་པ། ཚན་རྩལ་འཇོན་མི་དང་ཚན་རྩལ་གསར་གཏོད། ཚན་རིག་ཁྱབ་གདལ། ཚན་རྩལ་བློ་འདྲིའི་ཕྱོགས་བཞི་གཞི་གཅིག་གི་བྱ་བའི་རྣམ་པ་ལྟར་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཚན་རིག་གི་ཡང་རྩེར་སྙེག་པར་སྣེ་ཁྲིད་བྱེད་དགོས། གླེང་སྟེགས་བསྡུས་པ་བརྒྱུད་དེ། རྒྱ་ཆེའི་ན་གཞོན་ཚན་རྩལ་འཇོན་མིར་བསམ་པའི་ཉིང་བཅུད་བསྩལ་བ་དང་། མཚོ་སྔོན་ལ་ཞབས་འདེགས་ཞུ་བའི་རིག་སྟོབས་ཀྱི་སྟེགས་བུ་བཙུགས་ཏེ། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་ཆེད་ཚན་རྩལ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་པ་དང་། སྙིང་སྟོབས་ཀྱི་གཟི་འོད་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེར་གྱི་ལམ་དུ་འཕྲོ་བར་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་མགོ་འཛིན་བྱས། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། རྒྱལ་སྤྱིའི་མཁའ་སྐྱོད་ཚན་རིག་གླིང་གི་ཡོན་ཧྲི་ཆིས་ཧྥ་རིན་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། འཐབ་ཇུས་རོགས་སྐྱོར་དམག་དཔུང་ལག་རྩལ་ཞིབ་འཇུག་ལྟེ་གནས་ག་གེ་མོའི་ཞིབ་འཇུག་པ་ཀྲང་པོ་ཏུང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། པེ་ཅིང་ཉེར་སྤྱོད་དངོས་ལུགས་དང་རྩིས་རྒྱག་རྩིས་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧུའུ་ཞའོ་མེན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་བཅས་གླེང་སྟེགས་ལ་ཞུགས།
ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་དང་ཨུ་རུ་སིའི་བཟོ་སྐྲུན་གླིང་གི་ཆེད་མཁས་པ་དང་རིག་གནས་པ། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། ཚན་རིག་ཞིབ་འཇུག་ཁང་། ཀྲུང་དབྱང་གི་ཁེ་ལས། སྤུན་ཟླ་ཞིང་ཆེན་གྱི་ཏང་ཨུའི་རྩ་འཛུགས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་རང་ཞིང་གི་འབྲེལ་ཡོད་སྡེ་ཁག་དང་ཤེས་ལྡན་མི་སྣའི་འཐུས་ཚབ་བཅས་གླེང་སྟེགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།