ལིས་ཆང་གིས་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ལ་མཇལ་འཕྲད་གནང་།
2023.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་མགོ་ཁྲིད་པའི་རིམ་སྤེལ་ཚོགས་འདུར་ཞུགས་སྐབས། ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡཱ་ཅ་ཏ་རུ། ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་མགོ་ཁྲིད་པའི་རིམ་སྤེལ་ཚོགས་འདུར་ཞུགས་སྐབས། ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་པ་དང་། ཕྱོགས་གཉིས་ཀའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བྲག་རྡོ་ལྟར་བརྟན་པར་གྱུར་ནས། རྒྱལ་སྤྱིའི་འབྲེལ་བ་གསར་བའི་དཔེ་མཚོན་བསྐྲུན་ཡོད། ཀྲུང་གོ་ནི་ཁམ་ཕུ་ཁྲེ་ཡི་བློ་གཏད་ཆོག་པའི་མཉམ་ལས་ཟླ་གྲོགས་ཞིག་ཡིན་པས། ཀྲུང་གོས་སྔར་སྲོལ་བཞིན་ཁམ་ཕུ་ཁྲེ་ཡིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཁམ་ཕུ་ཁྲེ་ཡི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་སྔར་ལས་དམ་ཚགས་བྱས་ནས། མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀས་མུ་མཐུད་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་མཉམ་ལས་བྱས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་སྲུང་སྐྱོབ་བྱས་ནས། ས་ཁུལ་བརྟན་ལྷིང་གི་མཉམ་ལས་ཁ་ཕྱོགས་ཡང་དག་ཡོང་བར་བྱེད་དགོས་ཞེས་གསུངས།

ཧུང་མ་ནའེ་ཡིས་ཁམ་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ནི་ཁམ་ཕུ་ཁྲེ་ཡི་གྲོགས་པོ་བཟང་པོ་དང་བློ་གཏད་ཆོག་པའི་ཟླ་གྲོགས་བཟང་པོ་ཞིག་ཡིན། ཁམ་ཕུ་ཁྲེ་ཡི་སྲིད་གཞུང་གསར་པས་ཁམ་ཀྲུང་འབྲེལ་བའི་རྩ་དོན་དང་སྒྲོམ་གཞི་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། དབུ་བཞུགས་བློན་ཆེན་ཟུར་པ་ཧུང་སུན་དང་ཀྲུའུ་ཞི་ཞི་ཞི་ཅིན་ཕིང་གིས་མཉམ་དུ་བཏོད་པའི་ཕྱོགས་གཉིས་ཀའི་མཛའ་མཐུན་འབྲེལ་བའི་རྨང་གཞིའི་སྟེང་དུ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཝུའུ་ཀྲིན་ལུང་སོགས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།