རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱ་བའི་གྲོས་ཚོགས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས།
2023.09.07 ཁུངས། ཀློག་གྲངས། 29

ཟླ་དགུ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱ་བའི་གྲོས་ཚོགས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱ་བའི་གྲོས་ཚོགས་ཟླ་དགུ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་གཙོ་བོར་གོ་བ་གཏིང་ཟབ་ལེན་པ། བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་ཁྲིམས་འཛུགས་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ།ཏང་གི་འགོ་ཁྲིད་དང་ །མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ནས་ཁྲིམས་འཛུགས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་སྒྲིག་འཛུགས་ནན་ཏན་བྱས་ནས་ལག་ལེན་དུ་བསྟར་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་ལ་ཁྲིམས་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་བར་སྐུལ་འདེད་གཏོང་དགོས།

ཀྲའོ་ལི་ཅི་ཡིས་བསྟན་དོན། དུས་རབས་གསར་བའི་རླབས་ཆེན་ལག་ལེན་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུའི་སྐོར་གྱི་ཐོག་མའི་གསར་གཏོད་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་འདུ་ཤེས་གསར་བ་དང་། བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཆགས་པར་བྱས་ཡོད། དེ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་དང་དུས་རབས་གསར་བར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྩ་བའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ཀྲའོ་ལི་ཅི་ཡིས་བསྟན་དོན། ཁྲིམས་བཟོའི་འཆར་འགོད་ལས་འགན་ལེགས་སྒྲུབ་བྱེད་པར་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། རང་རྟོགས་ངང་“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བཟང་བོར་སྒྲུབ་པ་བཅས་བྱས་ནས་ཁྲིམས་འཛུགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་ནན་མོ་བྱེད་དགོས། ཁྲིམས་འཛུགས་ནི་མི་དམངས་ཀྱི་ཆེད་དང་མི་དམངས་ལ་རྒྱབ་རྟེན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་བྱེད་པ་དང་། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་མི་དམངས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ །མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། བཅའ་ཁྲིམས་ཀྱིས་དམངས་ཀྱི་འདོད་བློ་མཚོན་པ་དང་དམངས་ཀྱི་འཚོ་བར་ཉེ་བཅར་བྱེད་པ། དམངས་སེམས་དང་མཐུན་པ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་ལ་གཞིགས་ནས་ཁྲིམས་འཛུགས་ལས་དོན་ཡག་པོ་སྒྲུབ་རྒྱུ་མཐའ་འཁྱོངས་དང་། རྩ་ཁྲིམས་ལྟར་ཁྲིམས་འཛུགས་དང་ཁྲིམས་ལྟར་ཁྲིམས་འཛུགས་མཐའ་འཁྱོངས་བྱེད་པ། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ། བྱ་བ་ཀུན་ལ་བསམ་བློ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་སྟངས་འཛིན་བྱེད་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། དམངས་ཆེན་གྱིས་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་རྒྱུན་འཁྱོངས་བྱས་ཏེ་རྩ་འཛུགས་བཅའ་ཁྲིམས་འཆར་ཟིན་འགོད་པ་དང་གནད་དོན་གལ་ཆེན་མཐུན་སྦྱོར་བྱེད་པ། གྲོས་ཞིབ་ཀྱི་འགག་སྒོ་དམ་སྲུང་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབ་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གི་ལེགས་ཆ་ཧྲིལ་པོ་མངོན་མཚོན་བྱེད་དགོས། ཁྲིམས་འཛུགས་དེ་བཅའ་ཁྲིམས་ཁྱབ་གདལ་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་བོར་དྲིལ་བསྒྲགས་དང་འགྲེལ་བཤད་བྱ་རྒྱུར་ཤུགས་བསྣན་ཏེ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་དེ་བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ། ཁྲིམས་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཁྲིམས་འཛུགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱས་ནས་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་།བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་དང་ཟིལ་ཤུགས་ལ་སྲུང་སྐྱོང་བཅས་བྱེད་དགོས།

ཚོགས་ཐོག་ནས་ཁྲིམས་འཛུགས་འཆར་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་བརྒྱུད་བསྒྲགས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་ཚོགས་འདུར་འགོ་འཛིན་བྱས། ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མེན་དང་ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ། ཐེ་ཉིན་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན་བཅས་ཚོགས་འདུར་ཞུགས།

རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཁྲིམས་འཛིན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ །འབྲེལ་ཡོད་ལས་རིགས་རྩ་འཛུགས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷནཁང་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།