ལིས་ཆང་ཨེ་ཤ་ཡ་ཤར་མའི་འགོ་གཙོའི་གྲོས་ཚོགས་སྐབས་བཅོ་བརྒྱད་པར་ཞུགས།
2023.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 179

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧིན་རྡུ་ཉི་ཞི་ཡའི་ཡ་ཅ་ཏ་རུ་ཨེ་ཤ་ཡ་ཤར་མའི་འགོ་གཙོའི་གྲོས་ཚོགས་སྐབས་བཅོ་བརྒྱད་པར་ཞུགས།

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཧིན་རྡུ་ཉི་ཞི་ཡའི་ཡ་ཅ་ཏ་རུ་ཨེ་ཤ་ཡ་ཤར་མའི་འགོ་གཙོའི་གྲོས་ཚོགས་སྐབས་བཅོ་བརྒྱད་པར་ཞུགས། ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་བཅུ་ཕྲག་འགའི་རིང་ལ་ཨེ་ཤ་ཡ་ཤར་མས་དཔལ་འབྱོར་འཛམ་གླིང་ཅན་གྱི་རླབས་རྒྱུན་ཁྲོད་དུ་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་གྱི་བགྲོད་ལམ་སྟེང་བསྐྱོད་དེ་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ང་ཚོས་འཕེལ་རྒྱས་གཏོང་དཀའ་ཞིང་། སྒོ་འབྱེད་པའི་དགོས་པ་ཆེ་བ། ཞི་བདེ་རྩ་ཆེན་ཡིན་པ་བཅས་ཀྱི་གནས་ལུགས་གསལ་བོར་ཤེས་ཀྱིན་ཡོད་ལ། མཐུན་སྒྲིལ་བྱས་ན་དར་རྒྱས་ཡོང་བ་དང་ཁ་བྲལ་བཏང་ན་ཉམས་རྒུད་དུ་འགྲོ་བའི་གནས་ལུགས་ཀྱང་དངོས་སུ་མྱོང་ཚོར་ཐུབ་ཀྱིན་ཡོད།

ལིས་ཆང་གིས་བསྟན་དོན། དུས་བབ་གསར་བ་དང་འགྲན་སློང་གསར་བའི་མདུན་དུ་ཨེ་ཤ་ཡ་ཤར་མའི་འགོ་གཙོའི་གྲོས་ཚོགས་ཀྱིས་རང་སྟེང་གི་ངེས་གནས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་གྱི་ཡུན་རིང་བརྟན་འཇགས་དང་རྒྱུན་སྲིང་འཕེལ་རྒྱས་ཐད་ལ་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་དགོས་པ་སྟེ། གཅིག་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ས་ཁོངས་ཀྱི་འཕར་སྣོན་གསོན་ཤུགས་བསྐྱེད་དགོས། བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་བོ་ཞིག་མཉམ་ལས་བྱས་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཐད་སྤྱད་དེ་དཔལ་འབྱོར་འཛམ་གླིང་ཅན་རྒྱུན་འཁྱོངས་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རང་དབང་ཉོ་ཚོང་ཁུལ་བསྐྲུན་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། གཉིས་ནས་འཐབ་ཇུས་གླེང་མོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཁག་དབར་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་སྔར་ལས་དར་སྤེལ་བཏང་སྟེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་། འཛམ་གླིང་བདེ་འཇགས་གྲོས་འགོ། འཛམ་གླིང་དཔལ་ཡོན་གྲོས་འགོ་སོགས་ཕྱོགས་སོ་སོའི་བར་གྱི་གྲོས་མོལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། གསུམ་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཉིས་ཕན་མཉམ་ལས་ལ་ཐུན་མོང་གིས་སྐུལ་འདེད་གཏོང་དགོས། ཕྱོགས་ཁག་གི་བདེ་སྡུག་ལ་ལྟ་རྟོག་གང་ལེགས་དང་ཕྱོགས་ཁག་གི་ཁེ་ཕན་ལ་ཁོང་ཡངས་བྱས་ནས་ལེགས་ཆ་བསྡུ་ལེན་དང་མཉམ་ཤུགས་གཅིག་ཏུ་བསྡུ་ཐུབ་པ་བྱེད་དགོས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས“རྒྱ་མཚོ་ལྷོ་མའི་བྱ་སྤྱོད་ཚད་གཞིའི”གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་མཚོ་ལྷོ་མའི་སྒྲིག་སྲོལ་གྲོས་མོལ་དང་རྒྱ་མཚོ་ལྷོ་མའི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འབད་བརྩོན་ལ་བརྩི་འཇོག་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད། རྒྱ་མཚོའི་སྦགས་བཙོག་གིས་ཡུན་རིང་བོར་ཤུགས་རྐྱེན་ཐེབས་སྲིད་པས། ལོ་རྒྱུས་དང་མིའི་རིགས་ལ་འགན་འཁུར་བའི་རྣམ་འགྱུར་བཅངས་ནས་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་སའི་གོ་ལའི་“སྙིང་སྔོན་པོར་”སྲུང་སྐྱོང་བྱ་དགོས།

ལིས་ཆང་གིས་བསྟན་དོན། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་དུ་ལོངས་སྤྱོད་བྱ་རྒྱུ་ཡིན། ཕྱོགས་སོ་སོ་ཧུར་ཐག་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད།

ཚོགས་ཞུགས་འགོ་ཁྲིད་རྣམས་ཀྱིས་བསྟན་དོན། ཞི་བདེ་བརྟན་འཇགས་ནི་འཕེལ་རྒྱས་དང་དར་རྒྱས་ཀྱི་ཕྱོགས་སུ་སྐྱོད་པའི་འགག་རྩ་ཞིག་རེད། ས་ཁུལ་དང་རྒྱལ་ཁབ་ཀྱིས་འགོ་ཁྲིད་པའི་སྣེ་ཁྲིད་ཀྱི་འཐབ་ཇུས་གླེང་སྟེགས་ནུས་པར་སྲུང་སྐྱོང་བྱས་ནས་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་བ་དང་དགེ་མཚན་ལྡན་པའི་གྲོས་མོལ་མཉམ་ལས་ལ་ཤུགས་བསྣན་ཏེ། གནམ་གཤིས་འགྱུར་ལྡོག་དང་སྤྱི་པའི་འཕྲོད་བསྟེན།ནུས་ཁུངས། འབྲུ་རིགས་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་ནས། ས་ཁུལ་གྱི་མཉམ་ལས་ལས་སྟེགས་དང་འཕར་སྣོན་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  ཚོགས་འདུའི་ཐོག《ས་ཁུལ་འདི་ཉིད་འཕར་སྣོན་གྱི་ལྟེ་གནས་སུ་བརྩི་བར་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཨེ་ཤ་ཡ་ཤར་མའི་འགོ་གཙོའི་གྲོས་ཚགས་ཀྱི་འགོ་ཁྲིད་པའི་གསལ་བསྒྲགས》ལ་གྲོས་འཆམ་བྱུང་།

ཝུའུ་ཀྲིན་ལུང་སོགས་གྲོས་ཚོགས་ལ་ཞུགས།