ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མཚན་བཀོད་ནས《དམག་དཔུང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་སྐྱེས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》 ཞེས་པ་བསྒྲགས།
2023.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མཚན་བཀོད་དེ།《དམག་དཔུང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་དང་འཆར་ལྡན་བུ་སྐྱེས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། 2023ལོའི་ཟླ9པའི་ཚེས10ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

《བྱེད་ཐབས》དེར་ཁྱོན་བསྡོམས་དོན་ཚན33ཡོད་ཅིང་། དེས་བུ་སྐྱེས་སྙོམས་སྒྲིག་དང་། བུ་སྐྱེས་བྱ་དགའ་དང་རོགས་རམ། བུ་སྐྱེས་ཞབས་ཞུ་སོགས་ཀྱི་ལས་རིམ་སྔར་ལས་ཚད་ལྡན་ཅན་དུ་བཏང་ཡོད། དམག་མི་ལོ་ཚོད་ལ་ཐོན་ཚེ་གཉེན་སྒྲིག་པ་དང་བུ་ཕྲུག་སྐྱེས་པ། ལེགས་སྐྱེས་ལེགས་སྐྱོང་། བཟའ་ཟླ་རེས་ཕྲུ་གུ་གསུམ་རེ་སྐྱེས་ཆོག་པའི་བསམ་ཕྱོགས་བཏོན་ཡོད་ཅིང་། བྱིས་པ་གསོ་སྐྱོང་གི་ངལ་གསོ་དང་བྱིས་པ་ཁེར་སྐྱེས་ཀྱི་ཕ་མའི་ནད་གཡོག་གི་གནང་བ་སོགས་གསར་དུ་བསྣན་ཏེ། གསོ་སྐྱོང་སློབ་གསོ་དང་བུ་བཅོལ་ཞབས་ཞུ་སོགས་ཀྱི་ཆ་འགྲིག་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ཡོད་པར་མ་ཟད། བློ་འདྲི་ཁྲིད་སྟོན་དང་ལུས་ཁམས་བདེ་སྲུང་ཞབས་ཞུ། ལག་རྩལ་ཞབས་ཞུ་སོགས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ཡོད། 

བན་དེ་སྐྱབས་ཀྱིས་བསྒྱུར།