ཞིང་ཆེན་གྱི་འགོ་ཁྲིད་པ་རང་ཡོད་སའི་ཏང་ཀྲི་པུའུ་ཡི་བརྗོད་དོན་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཞུགས།
2023.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་གྱི་འགོ་ཁྲིད་དག་སྤྱིར་བཏང་ཏང་ཡོན་གྱི་ཐོབ་ཐང་གིས་སོ་སོར་རང་ཡོད་སའི་ཏང་ཀྲི་པུའུ་ཡི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཞུགས་པ་དང་། བརྗོད་དོན་སློབ་གསོའི་སྤྱིའི་རེ་བ་དང་དམིགས་འབེན་གཙོ་བོར་དམིགས་ནས། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་གོ་དོན་ཕུན་སུམ་ཚོགས་པ་དང་ལག་ལེན་གྱི་རེ་བར་སློབ་སྦྱོང་དང་རྒྱུས་ལོན་བྱས་པ་དང་། གནས་ཚུལ་དངོས་ལ་འབྲེལ་འདྲིས་དམ་ཟབ་བྱས་ལ། བར་ཁྱད་དང་མི་འདང་སར་ལྟ་ཞིབ་བྱས་པ་དང་། ཏང་གཤིས་ལ་དབྱེ་ཞིབ་བྱས་པ་མ་ཟད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

ཚོགས་ཐོག་ཏུ། ཏང་ཀྲི་པུའུ་སོ་སོའི་གྲོས་ཚོགས་ཀྱིས་ཏང་ཀྲི་པུའུ་ཡི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་གྲོས་ཚོགས་སྔོན་གྱི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཏང་ཀྲི་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཞིབ་སྡུར་ཞིབ་བཤེར་བྱས་ལ། ཀྲི་པུའུ་ཏང་ཡོན་གྱིས་རེ་རེ་བཞིན་གཏམ་བཤད་ལ། སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པར་མ་ཟད། དག་ཐེར་ལེགས་བཅོས་དང་མཐོར་འདེགས་ཀྱི་ཁ་ཕྱོགས་དང་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས། ཕན་ཚུན་སྐྱོན་བརྗོད་བྱས།

ཐེངས་འདིའི་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་བརྒྱུད་དེ། རྒྱ་ཆེའི་ཏང་ཡོན་ཚོས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་རྒྱུ་ནི། ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ངེས་སྦྱོང་སློབ་ཁྲིད་དང་ཚེ་གང་བོའི་སློབ་ཁྲིད་དུ་བརྩི་བ། དེའི་ཁྲོད་ཀྱི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བར་རྒྱུས་ལོན་གསལ་བོ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ནས། རང་འགན་བྱ་བ་བཟང་བོར་བསྒྲུབ་པ་དང་ལས་དོན་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་དགོས། ཏང་གཤིས་བློ་སྦྱོང་སྟེང་འཚོལ་སྙེག་སྔར་ལས་མཐོན་པོ་ཡོད་པར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། སྔར་ལས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རང་སྣང་གི་འཇིག་རྟེན་སྒྱུར་བཀོད་བྱས་ཏེ། ཏང་ལ་བློ་དཀར་བའི་ཆབ་སྲིད་ཀྱི་རང་གཤིས་གྲུབ་པར་བྱེད་དགོས། དངོས་གཉེར་ཁག་ཁུར་ལ་ཤུགས་སྣོན་པ་དང་། རྒྱལ་དོན་གལ་ཆེན་སེམས་ལ་འཛིན་པ་དང་ཞིང་ཆེན་གྱི་དོན་ཆེན་ལ་སེམས་ཁུར་བྱེད་པ། དཔེ་སྟོན་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ། ནུས་པ་དང་བྱང་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། བྱ་བའི་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། བྱ་བའི་ལག་བསྟར་དམ་འཛིན་བྱེད་པ། ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། གོམ་སྟབས་རེ་རེ་བཞིན་དང་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་ནམ་ཡང་སེམས་ཁོང་གི་གོ་གནས་ཆེས་མཐོ་སར་འཇོག་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སྟེང་བརྟན་པོར་འགྲེང་བ། མི་དམངས་སེམས་ལ་འཛིན་པ། དུས་ནམ་ཡང་མི་དམངས་བསམ་པ། མི་དམངས་ཀྱི་བྲེལ་དཀའ་ཁྲལ་སྒུག་སེམས་ལ་བཟུང་ནས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་རྩ་བའི་ཆབ་སྲིད་ལངས་ཕྱོགས་དང་རིན་ཐང་འཚོལ་སྙེག་སེམས་ལ་འཛིན་པ་དང་ལག་ལེན་དུ་བསྟར་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་བ་དང་། རྩ་འཛུགས་འཚོ་བའི་གྲོས་ཚོགས་ལམ་ལུགས་རྒྱུན་འཁྱོངས་ནན་མོ་བྱེད་པ། ཏང་གཤིས་སྦྱོང་བརྡར་བྱེད་པ་དང་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་ནམ་ཡང་སྲུང་འཛིན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་པོ་འབུལ་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།