ལིས་ཆང་གིས་ཧན་གོའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.09.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཡ་ཅཱ་ཏ་རུ་ཧན་གོའི་ཙུང་ཐུང་དབྱི་ཞི་ཡེ་དང་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་ལ་པ་ལི་གླིང་ཕྲན་ནས་ཀྲུང་གོ་དང་ཧན་གོའི་འབྲེལ་བའི་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དངོས་འབེབ་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་ཧན་གོའི་འབྲེལ་བ་དུས་བསྟུན་འཕེལ་རྒྱསའབྱུང་བར་སྐུལ་འདེད་བཏང་ནས། རང་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།

དབྱི་ཞི་ཡེ་ཡིས་ཧང་ཀྲིག་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་འཚོག་ཐུབ་པར་སྨོན་འདུན་བཟང་བོ་ཞུས། ཁོས་བསྟན་དོན། ཧན་གོ་དང་ཀྲུང་གོའི་འབྲེལ་བ་དེ་འདས་པའི་ལོ་ངོ་སུམ་ཅུའི་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། ཉོ་ཚོང་དང་མི་ཆོས་སོགས་ཀྱི་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་གཏིང་ཟབ་བྱས་ནས། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལག་ལེན་བྱས་ཏེ། ཀྲུང་གོ་དང་ཧན་གོའི་འབྲེལ་བ་བརྟན་འཇགས་དང་བདེ་ཐང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་རྒྱུ་ཡིན་ཟེར།


སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།