ཟླ་དགུ་པའི་ཚེས་དགུ་ཉིན། རྒྱགལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་ལོ་ཀི་རུ་ས་ཡོམ་དྲག་པོ་བྱུང་བའི་ཐད་ནས་མའོ་ལོ་ཀིའི་རྒྱལ་བོ་མུའུ་ཧན་མོ་ཏི་སྐུ་ཕྲེང་དྲུག་པར་འཚམས་འདྲིའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། མའོ་ལོ་ཀི་རྒྱལ་ཁབ་ཏུ་ས་ཡོམ་དྲག་པོ་བྱུང་ནས་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བཟོས་པ་ཤེས་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་འདས་པོར་མྱ་ངན་ཞུས་པ་ཡིན་ལ། འདས་པོའི་ཁྱིམ་མི་དང་རྨས་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་ཡིན། རྒྱལ་བོ་ཁྱེད་ཀྱི་འགོ་ཁྲིད་འོག་ཏུ། མའོ་ལོ་ཀི་སྲིད་གཞུང་དང་མི་དམངས་གནོད་འཚེ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་པར་ཡིད་ཆེས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།