ཟླ་དགུ་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞིའི་ལྷོ་ཕྱོགས་སུ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཐེབས་ཏེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པའི་སྐོར་ནས་པ་ཞིའི་ཙུང་ཐུང་ལུའུ་ལར་འཚམས་འདྲིའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་པ་ཞིའི་ལྷོ་ཕྱོགས་ཀྱི་ལེ་ཨོ་ཀི་ལན་ཏི་མངའ་སྡེ་སོགས་ལ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་ནས། མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་པ་གོ་བྱུང་བས། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ཏེ་ཚེ་འདས་རྣམས་ལ་གདུང་བས་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མི་དང་གནོད་ཁུལ་གྱི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ལ། རྨས་མ་རྣམས་སྔ་མོ་ནས་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཞུས་པ་ཡིན། པ་ཞིའི་གནོད་ཐེབས་ས་ཁུལ་དཀའ་ངལ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།
ཕྱུག་ལོས་བསྒྱུར།