ལིས་ཆང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་དུས་རིམ་དང་པོའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
2023.09.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ་དགུ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་རྒྱ་གར་གྱི་ངྷི་ལེ་གསར་བ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་དུས་རིམ་དང་པོའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཆང་གིས་བསྟན་དོན།  མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་བསམ་བློ་བཏང་སྟེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་བདེ་འཇགས་འགོ། འཛམ་གླིང་དཔལ་ཡོན་གྲོས་འགོ་བཅས་བཏོན་པ་རེད།  མིའི་རིགས་ཀྱི་ལས་དབང་གཅིག་ཏུ་འདྲེས་ཡོད་པས།  རྒྱལ་ཁབ་སོ་སོས་ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག  ཞི་བདེ་མཉམ་གནས་བཅས་བྱེད་དགོས།  ཉམས་ཉེན་ཆེན་པོ་དང་ཐུན་མོང་གི་འགྲན་རྩོད་མདུན་དུ་སུས་ཀྱང་རང་བློ་རང་སྦྱོང་བྱེད་ཐབས་མེད་ལ།  མཐུན་སྒྲིལ་མཉམ་ལས་ནི་མི་ཆོས་བདེན་ལུགས་ཡིན།

ལིས་ཆང་གིས་བསྟན་དོན།   རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱས་མཐུན་སྒྲིལ་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་དགོས།   ང་ཚོས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་ཡིད་ཆེས་དང་སྒུལ་ཤུགས་བསྩལ་ཏེ་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྤུན་ཟླ་བྱེད་དགོས།   ང་ཚོས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་པོ་དང་གེགས་མེད་ཡོང་བར་མཉམ་དུ་སྲུང་སྐྱོབ་བྱས་ཏེ་འཛམ་གླིང་གི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྤུན་ཟླ་བྱེད་དགོས།   ང་ཚོས་འཛམ་གླིང་གི་ལྗང་མདོག་ཁྱིམ་གཞིས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ་འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤུན་ཟླ་བྱེད་དགོས།   ང་ཚོས་མཐུན་སྒྲིལ་བྱེད་པ་ལས་ཁ་ཕྲལ་མི་བྱེད་མི་རུང་བ་དང་མཉམ་ལས་བྱེད་པ་འགྲན་རྒོལ་མི་བྱེད་མི་རུང་ལ།  བཟོད་སྒོམ་བྱེད་པ་ལས་ཟུར་འབུད་བྱེད་མི་རུང་།

ལིས་ཆང་གིས་ནན་གྱིས་བསྟན་དོན།   ཀྲུང་གོས་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་པ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཡིན།   ཀྲུང་གོའི་འཕེལ་རྒྱས་མདུན་ལྗོངས་རྒྱ་ཆེ་ཞིང་འོད་སྟོང་ལྡན་པས། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་ཐད་སྒུལ་ནུས་སྔར་ལས་མང་བོ་སྣོན་ཐུབ།   ང་ཚོས་ཕྱོགས་སོ་སོ་དང་མཉམ་དུ་མིའི་རིགས་ཐུན་མོང་གི་སའི་གོ་ལ་དང་ཐུན་མོང་གི་ཁྱིམ་གཞི།  ཐུན་མོང་གི་མ་འོངས་པའི་ཆེད་དུ་འབད་བརྩོན་སྔར་ལས་ཆེན་པོ་བྱེད་པ་དང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ།  དེ་མིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས།   ཚོགས་ཞུགས་འགོ་ཁྲིད་རྣམས་ཀྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ནང་ཞུགས་པར་དགའ་བསུ་ཞུས་པ་དང་།   རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཉམ་ལས་ཀྱིས་འཛམ་གླིང་གི་འཕེལ་ཕྱོགས་གཏན་འཁེལ་བྱེད་པའི་ཚུལ་བསྟན།  སྤུན་ཟླའི་འབྲེལ་བ་འཛུགས་པ་དང་ནུས་ལྡན་བྱེད་ཐབས་སྤྱོད་པ།   ཐོན་ཁུངས་ཡོད་ཚད་སྤྱོད་པ།   ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གནམ་གཤིས་འགྱུར་ལྡོག་དང་ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ་དང་།    སྟོབས་ལྡན་དང་རྒྱུན་མཐུད་ཐུབ་པ།   དོ་སྙོམས།   དཀྱེལ་ཡངས་བཅས་ཀྱི་འཕར་སྣོན་མགྱོགས་མྱུར་སྒོས་མངོན་འགྱུར་བྱས་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་དགོས།

ཝུའུ་ཀྲིན་ལུང་སོགས་གྲོས་ཚོགས་ལ་ཞུགས།

ས་དེའི་དུས་ཚོད་ཚེས་བརྒྱད་ཉིན་གྱི་དགོང་མོར།  རྒྱ་གར་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་གདན་དྲངས་པ་ལྟར།   ལིས་ཆང་བཞུགས་པའི་གནམ་གྲུ་ངྷི་ལེ་གསར་བའི་ཕ་ལ་མུའུ་མཁའ་དམག་གནམ་གྲུ་ཐང་དུ་འབྱོར་ནས།   རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས།   ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་མཉམ་དུ་གནམ་གྲུ་གཅིག་ཏུ་བསྡད་དེ་གནས་དེར་འབྱོར།    རྒྱ་གར་གྱི་རྒྱལ་སྲིད་པུའུ་ཀྲང་ཞིན་ཀི་སོགས་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།

                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།