ལིས་ཆང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅོ་བརྒྱད་པའི་དུས་མཚམས་གསུམ་པའི་ཚོགས་འདུར་ཞུགས། 
2023.09.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ9པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་རྒྱ་གར་གྱི་དྷི་ལེ་གསར་བ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅོ་བརྒྱད་པའི་དུས་མཚམས་གསུམ་པའི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ས་དེའི་དུས་ཚོད་ཟླ9པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་རྒྱ་གར་གྱི་དྷི་ལེ་གསར་བ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅོ་བརྒྱད་པའི་དུས་མཚམས་གསུམ་པའི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ལིས་ཆང་གིས་བསྟན་དོན། དུས་མཚམས་འདིའི་ཚོགས་འདུའི་གྲོས་གཞི་ནི་འབྱུང་འགྱུར་གཅིག་ཅེས་པ་དེ་རེད། མིའི་རིགས་ཀྱི་དཔལ་ཡོན་ལོ་རྒྱུས་ལ་བལྟས་ཚེ། གནས་བབ་ཡག་པོ་དང་གནས་བབ་ངན་པ་གང་ཞིག་ཡིན་རུང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཡིད་སྨོན་བྱེད་པ་ནི་མིའི་རིགས་མདུན་སྐྱོད་ལ་སྣེ་ཁྲིད་བྱེད་པའི་ལམ་སྟོན་གྱི་སྒྲོན་མེ་ཡིན། དེང་སྐབས་འཛམ་གླིང་འཕེལ་རྒྱས་ནི་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་དཀའ་ངལ་གྱི་དུས་སྐབས་ཤིག་ཏུ་གནས་ཡོད་པས། དཀའ་ངལ་ཇི་ཙམ་ཆེ་བའི་སྐབས་སུ་འབྱུང་འགྱུར་གྱི་དད་སེམས་དེ་ཙམ་གྱིས་ཇེ་བརྟན་དུ་གཏོང་བ་དང་། འབྱུང་འགྱུར་གྱི་སྔོན་དཔག་བྱེད་ཤུགས་ཆེ་རུ་གཏོང་བ། མིག་རྒྱང་ཇེ་རིང་དུ་གཏོང་བ། དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གིས་འཇལ་བ་བཅས་བྱེད་དགོས།

ལིས་ཆང་གིས་བསྟན་དོན། མིག་སྔའི་བྱ་བ་ཡག་པོ་སྒྲུབ་ཚེ་གཞི་ནས་འབྱུང་འགྱུར་ཡག་པོ་ཡོང་ཐུབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་མིས་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིབ་ཕྲའི་ལས་དོན་ནས་འགོ་བརྩམས་ཏེ་མིག་སྔའི་ལས་དོན་ཡག་པོ་སྒྲུབ་དགོས། མིག་སྔར་དགོས་གཏུག་ཆེ་ཤོས་ནི་འཕེལ་རྒྱས་ཀྱི་གནད་དོན་རེད། ང་ཚོས་འཕེལ་རྒྱས་ཀྱི་གནད་དོན་དེ་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་གྱི་ལྟེ་བའི་གནས་བབ་སྟེང་བཞག་ནས་སྔར་ལས་དངོས་སྒྲུབ་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ཏེ་དོན་དངོས་དང་མཐུན་པའི་བྱ་སྤྱོད་སྤེལ་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དབུལ་སེལ་དང་། མ་དངུལ་གྲབས་གསོག གནམ་གཤིས་འགྱུར་ལྡོག འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་སོགས་འཕེལ་རྒྱས་ཀྱི་འགྲན་སློང་ལ་ཁ་གཏད་སྔར་ལས་ལེགས་པོ་འཇལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དུ་བསྟར་ནས་འཛམ་གླིང་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་མཉམ་དུ་འཕེལ་རྒྱས་ཡོང་ཆེད་བདེ་འཇགས་དང་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་དགོས།

ཚོགས་ཞུགས་འགོ་ཁྲིད་པས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འགན་འཁྲི་འཁུར་ཕོད་པར་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་བསྟུན་མཁས་རང་བཞིན་དང་། རྒྱུན་མཐུད་ཐུབ་པ། མི་རྩ་བར་འཛིན་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མིས་བཟོས་རིག་ནུས་སོགས་གཞི་གྲངས་ལག་རྩལ་བཀོལ་སྤྱོད་བྱས་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ཐད་འགན་ལེན་བྱེད་དགོས།

རྩེ་ཚོགས་སྟེང《རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དྷི་ལེ་གསར་བའི་རྩེ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་།

ཉིན་དེའི་སྔ་དྲོར་ལིས་ཆང་གིས་ཚོགས་ཞུགས་འགོ་ཁྲིད་པ་དང་ལྷན་དུ་གན་དྷིའི་བང་སོར་མེ་ཏོག་གི་ཕྲེང་བ་ཕུལ།

ཝུའུ་ཀྲིན་ལུང་སོགས་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།