ལིས་ཆང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་། 
2023.09.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དྷི་ལེ་གསར་བ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨིན་དང་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དྷི་ལེ་གསར་བ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨིན་དང་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་གཙོ་རྒྱུན་ནི་མཉམ་ལས་ཡིན་པ་དང་ངོ་བོ་ནི་མཉམ་རྒྱལ་ཡིན། སྣེ་མང་ཅན་གྱི་འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་གཉིས་དང་འཛམ་གླིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་གཉིས་ཡིན་པའི་ཆ་ནས་ཀྲུང་གོ་དང་ཡོ་རོབ་ཀྱིས་སྔར་ལས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་འཛམ་གླིང་གི་གཏན་འཁེལ་རང་བཞིན་མེད་པའི་དུས་བབ་ལ་ཁ་གཏད་འཇལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ལོ་འདིའི་ནང་འཚོགས་རྒྱུ་ཡིན་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཡག་པོར་བསྒྲུབ་སྟེ་བརྗེ་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཕན་ཚུན་གྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ཏེ་ལག་གདང་སྦྲེལ་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་སྔར་ལས་མང་བ་འབུལ་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། ཉེན་ཁ་སྔོན་འགོག་དང་མཉམ་ལས་བྱེད་པ་གཉིས་ནི་ཁ་གཏད་དུ་གནས་པ་ཞིག་མིན་པས། ཕན་ཚུན་གཅིག་ལ་གཅིག་བརྟེན་དང་བདེ་འཇགས་མིན་པ་གཉིས་ལ་སྟབས་བདེའི་མཚུངས་རྟགས་འགོད་མི་རུང་ལ། དཔལ་འབྱོར་གྱི་གནད་དོན་དེ་བདེ་འཇགས་ཅན་དང་ཆབ་སྲིད་ཅན་དུ་དེ་བས་བསྒྱུར་མི་རུང་། ཀྲུང་གོའི་འཕེལ་རྒྱས་དང་སྒོ་འབྱེད་ལས་ཡོ་རོབ་དང་འཛམ་གླིང་ལ་ཐོབ་པ་ནི་གོ་སྐབས་ཡིན་པ་ལས་ཉེན་ཁ་མ་རེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགསབསྣན་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་བློ་གཏད་ཆོག་པའི་རང་བཞིན་དང་བརྟན་འཇགས་རང་བཞིན་ཆེ་རུ་གཏོང་འདོད་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཁྲོམ་རའི་དཔལ་འབྱོར་དང་དྲང་གཞག་འགྲན་རྩོད་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཚོང་དོན་དང་དངུལ་གཏོང་ཁྲོམ་རའི་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་ཏུ་དངུལ་གཏོང་ཚོང་གཉེར་བྱ་རྒྱུར་དྲང་གཞག་དང་མངོན་གསལ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་བར་གྱི་ལྗང་མདོག་རོགས་རེས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། ནུས་ཁུངས་གཙང་མ་དང་ལྗང་མདོག་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གཏམ་བཤད་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་རྒྱབ་སྐྱོར་བྱེད་འདོད་ཡོད།

ཧྥིན་ཏི་ལའེ་ཨིན་གྱིས་བསྟན་དོན། ད་ལོར་ཡོ་རོབ་དང་ཀྲུང་གོའི་བར་གྱི་འགྲོ་འོང་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་སྟེ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་ཁག་གི་གཏམ་བཤད་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཟེར།

ཝུའུ་ཀྲིན་ལུང་སོགས་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།