ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཕུལ་བྱུང་དགེ་རྒན་གྱི་འཐུས་ཚབ་པར་འཚམས་འདྲི་དང་བཞུགས་མོལ་བྱས།
2023.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་ཉིན་ནི་དགེ་རྒན་དུས་ཆེན་ཐེངས་སོ་དགུ་པ་རེད། ཉིན་དེའི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་རང་ཞིང་གི་ཕུལ་བྱུང་དགེ་རྒན་གྱི་འཐུས་ཚབ་པ་དང་བཞུགས་མོལ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་། མཚོ་སྔོན་དར་སྤེལ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སློབ་གསོར་རྒྱུས་ལོན་དང་སློབ་གསོར་དགའ་ཞེན། སློབ་གསོ་དར་སྤེལ་བཏང་སྟེ། མཉམ་དུ་མཚོ་སྔོན་གྱི་སློབ་གསོའི་ལས་དོན་དམ་འཛིན་བྱེད་པའི་སེམས་ཤུགས་གཅིག་ཏུ་བསྡུ་དགོས།

ཕུལ་བྱུང་དགེ་རྒན་གྱི་འཐུས་ཚབ་པ་བསོད་ནམས་དར་སྐྱིད་དང་ཀུན་ཧྲིན་ལིས། ཐེ་ཧྲིན་ལན་བཅས་ཀྱིས་སློབ་གསོའི་བརྩེ་སེམས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་དགེ་རྒན་གྱི་བྱ་བ་བཟང་བོར་སྒྲུབ་པ། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་གཏམ་བཤད། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་སྔོན་འཕེལ་རྒྱས་སུ་གཏོང་ན་ཤེས་ལྡན་མི་སྣ་དང་འབྲལ་ཐབས་མེད་ལ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ན་སློབ་གསོ་དང་འབྲལ་ཐབས་མེད། དུས་ཡུན་རིང་བོ་དང་ལྷག་པར་དུ་དུས་རབས་གསར་བའི་ལོ་བཅུའི་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་མཐུད་སྐུལ་འདེད་འོག  ཁ་གཏད་རོགས་སྐྱོར་དང་གནས་གཏན་རོགས་སྐྱོར་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཏུ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། མཚོ་སྔོན་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སླེབས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སློབ་གསོ་དེ་ཁྱིམ་ཚང་མང་བོ་དང་མ་འོངས་པར་འབྲེལ་བ་ཡོད་པ་དང་། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞིའི་ཁྲོད་ཀྱི་རྨང་གཞི་ཡིན་ལ། སློབ་མ་དང་ཁྱིམ་བདག སྤྱི་ཚོགས་ལས་རིགས་སོ་སོས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ཚོས་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་། མཚོ་སྔོན་དར་སྤེལ་གཏོང་བ་དང་། སློབ་གསོའི་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཁྲོད་ཀྱི་གོ་གནས་གལ་ཆེན་ལ་རྒྱུས་ལོན་བྱེད་པ། འཆད་སྟེགས་སྟེང་བྱ་བ་དང་སློབ་མ། སྤྱི་ཚོགས་ཀྱི་འགན་འཁྲི་མངོན་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་གོ་ཆོད་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སློབ་གསོ་ལ་རྒྱུས་ལོན་དང་སློབ་གསོར་དགའ་ཞེན་བྱེད་པ་དང་། སློབ་གསོ་དར་སྤེལ་གཏོང་བ། སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། སློབ་གསོའི་ཁྱབ་ཁོངས་སུ་གནས་པའི་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ། སློབ་གསོའི་བྱ་བར་དོ་སྣང་བྱེད་པའི་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་འཛུགས་པ། སློབ་གསོར་མཐོང་ཆེན་བྱེད་པ་དང་སློབ་གསོ་དམ་འཛིན་བྱེད་པ། ཕྱོགས་སོ་སོའི་ཐོན་ཁུངས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་བཏང་ནས། མི་དམངས་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་ཐད་ཀྱི་རེ་འདོད་སྐོང་དགོས།

ཕུལ་བྱུང་དགེ་རྒན་ཅང་ཝེ་དང་ཧྥན་ཁྲིན་ཞིའུ། ཀྲང་ལུའུ་ལུའུ། ཀྲང་ཞའོ་ཧུའེ། ཏེན་ཅང་ཡུས། ཀྲའོ་མིན་ཏིས། མཱ་ཅུན། ཀླུ་བྱམས་རྒྱལ། ཕིན་དབྱིན་ཅེ་བཅས་དང་། ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་དབྱང་ཀྲི་ཝུན་བཅས་འཚམས་འདྲི་བཞུགས་མོལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།