ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་མཚོ་སྔོན་དུ་ཆེད་དོན་སྒྲོག་བཤད་བྱེད་པའི་ཚོགས་འདུ་ཟླ9པའི་ཚེས12ཉིན་ནས་ཚེས14ཉིན་བར་བསྡུ་རྒྱུ་རེད།
2023.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཞིང་ཆེན་ཕྱི་འབྲེལ་བྱ་བའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུས་མཉམ་དུ་བསྡུས་པའི་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་པའི་ཆེད་དོན་སྒྲོག་བཤད་ཚོགས་འདུ་ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར་བསྡུ་རྒྱུ་རེད། དེ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་འཆར་གཞི་མངོན་འགྱུར་བྱེད་ཆེད་དྲིན་གཟོ་འབད་བརྩོན་དང་དཀའ་སྤྱད་མདུན་སྐྱོད་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་རེད། རྒྱལ་ཁབ་ཉེར་ལྔ་ནས་ཡོང་བའི་སྲིད་ཏང་གི་འཐུས་ཚབ་པ་བརྒྱ་དང་ལྔ་བཅུ་ལྷག་སྒྲོག་བཤད་ཚོགས་འདུར་ཞུགས་རྒྱུ་རེད།

ཐེངས་འདིའི་ཆེད་དོན་སྒྲོག་བཤད་ཚོགས་འདུའི་བརྗོད་དོན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་དེ་ཡིན་ལ། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་ངེས་གནས་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འབད་འཐབ་དམིགས་འབེན་ལ་རྐང་བཙུགས་ནས། གཙོ་བོར་ཕྱི་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་དུ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ལག་ལེན་དངོས་དང་གྲུབ་འབྲས་གཡུར་དུ་ཟ་བ་སྒྲོག་བཤད་བྱ་རྒྱུ་ཡིན་ལ། གཙོ་དོན་སྒྲོག་བཤད་དང་གཏམ་རྒྱུད་མཉམ་རོལ། འགྲེམ་སྟོན། འཚམས་འདྲི་ལྟ་ཞིབ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཟུར་ངོས་མང་བོ་དང་ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་སྒྲོག་བཤད་བྱ་རྒྱུ་རེད། དེ་དང་མཉམ་དུ་ད་དུང་འཛམ་གླིང་ཡོངས་ལ་ཐད་གཏོང་བྱེད་པའི་རྣམ་པ་བརྒྱུད་དེ། རྒྱལ་སྤྱིའི་གྲོགས་པོ་ཚོས་མཚོ་སྔོན་གྱི་ལག་ལེན་གཏམ་རྒྱུད་མཉམ་རོལ་བྱེད་ཐུབ་པར་བྱ་རྒྱུ་རེད།

ཐེངས་འདིའི་ཆེད་དོན་སྒྲོག་བཤད་ཚོགས་འདུས། མཚོ་སྔོན་གྱི་རྒྱལ་སྤྱིའི་ཤན་ཤུགས་སྔར་ལས་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་གྱི་རྒྱལ་སྤྱིའི་གྲོགས་པོའི་ཚོགས་པ་རྒྱུན་མཐུད་ངང་རྒྱ་སྐྱེད་དེ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱེད་པའི་ལག་ལེན་པར་གཞི་ལ་བརྟེན་ནས། ཕྱི་ཕྱོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་བཤད་པ་དང་། འཛམ་གླིང་ལ་བློ་གཏད་ཆོག་པ་དང་གཅེས་སུ་འོས་པ། བརྩི་བར་རུང་བའི་ཀྲུང་གོའི་སྣང་བརྙན་ངོམ་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།