《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》པོད་དང་པོ་དང་གཉིས་པའི་དེབ་འགོ་བཙེམས་མ་པར་འགྲེམས་བྱས། 
2023.09.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》པོད་དང་པོ་དང་གཉིས་པའི་དེབ་འགོ་བཙེམས་མ་དེབ་འགོ་བཙེམས་མ་དཔེ་དེབ་ཅུའུ་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས། 

དེབ་འགོ་བཙེམས་མ་འདི་ནི་མི་དམངས་དཔེ་སྐྲུན་ཁང་གིས2023ལོའི་ཟླ4པར་པར་དུ་བསྐྲུན་པའི《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》པོད་དང་པོ་དང་གཉིས་པ་པར་གཞི་བྱས་ཤིང་། ཡིག་གཟུགས་ཆེ་ལ་ཡི་གེ་བསྟར་མ་བཅུ་དྲུག་དང་། དེབ་ཆ་ཚང་བཅུ་དྲུག  ཐུམ་ཆུང་གཉིས་བཅས་ཀྱིས་གྲུབ་ཡོད། སྤུས་ལེགས་ཀྱི་ཤོག་ངོས་སྟེང་དམིགས་བསལ་གྱི་པར་འདེབས་རྒྱུ་ཆ་དང་བཟོ་རྩལ་བཀོལ་ཡོད་པས་དཔེ་དེབ་དེར་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཞིང་སློབ་སྦྱོང་དང་ཉར་ཚགས་བྱེད་ཐུབ་པའི་དཔེ་དེབ་གྲགས་ཅན་ཞིག་རེད། 

《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》པོད་དང་པོ་དང་གཉིས་པ་ནི་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ་11པ་ནས2022ལོའི་ཟླ10པའི་བར་གྱི་གསུང་རྩོམ་གལ་ཆེན་ཡིན་ལ། ཀྲུང་གོའི་སྲོལ་རྒྱུན་ཁྱད་ཆོས་ཀྱིས་ཕྱུག་པའི་དཔེ་ཆའི་རྣམ་པས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》པོད་དང་པོ་དང་གཉིས་པ་པར་དུ་བསྐྲུན་པ་དང་། བརྩམས་ཆོས་གལ་ཆེན་འདིའི་ཚད་ལྡན་ཡིག་ཆའི་རིན་ཐང་འབུར་དུ་ཐོན་པ། པར་གཞི་ཕུན་སུམ་ཇེ་ཚོགས་སུ་བཏང་བས། རང་རྒྱལ་གྱི་དེབ་འགོ་བཙེམས་མའི་བསྟན་བཅོས་ཁྲོད་དུ་ཡང་བསྐྱར་དེང་རབས་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཁ་སྣོན་བྱས་ཡོད། 

ཤ་བོ་གསེར་མཚོས་བསྒྱུར།