ལིས་ཆང་གིས་འཚམས་འདྲི་མཇུག་སྒྲིལ་ཏེ་ཕྱིར་པེ་ཅིང་དུ་ལོག 
2023.09.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ9པའི་ཚེས10ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་རིམ་སྤེལ་ཚོགས་འདུར་ཞུགས་པར་མ་ཟད་ཧིན་རྡུ་ཉི་ཞི་ཡ་རུ་དངོས་གཞིའི་འཚམས་འདྲི་གནང་བ་དང་། རྒྱ་གར་དུ་འཚོགས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་རྗེས་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་ལོག རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝུའུ་ཀྲིན་ལུང་སོགས་འགྲོ་རོགས་རྣམས་མཉམ་དུ་གནམ་གྲུར་བསྡད་དེ་ཕྱིར་ལོག

ཤ་བོ་གསེར་མཚོས་བསྒྱུར།